歌词
གཞས་ཚིག/མདོ•ཐུབ་བསྟན་ཚེ་རིང་།
གཞས་གདངས/མདོ•ཐུབ་བསྟན་ཚེ་རིང་།
གཞས་པ/མདོ•ཐུབ་བསྟན་ཚེ་རིང་།
རོགས་འགྲིག་མོའི་ནང་གི་མཐུན་མོ་མ།།
སེམས་བསམ་པའི་གཏིང་གི་དགའ་ལོ་མ།།
ཁ་ཚིག་གསུམ་སྙིང་གཏམ་བཤད་རོགས་མ།།
སེམས་ཡ་ཆུང་དཀྱིལ་གྱི་བརྗེད་མེད་མ།།
རོགས་གཅེས་མོ་ནང་གི་དམར་མོ་མ།།
ཡུལ་གར་སོང་ས་ནས་དྲན་ལོ་མ།།
ལས་སྐྱིད་སྡུག་མིག་གིས་འཚོ་རོགས་མ།།
ཞེ་སྣང་བའི་རྒྱུད་ཀྱི་འདང་ཆེན་མ།།
རོགས་དགའ་མོ་ནང་གི་དུང་མོ་མ།།
ཁ་ཚིག་འཇམ་ཡིད་ལ་སྙན་མོ་མ།།
གནས་གར་ཡོད་མིག་ལ་མཛའ་མོ་མ།།
ཚེ་འདི་ཡི་དགའ་ལོ་འདང་ཆེན་མ།།