歌词
སྨན་གླིང་གི་རླུང་།
ཚིག ལྷ་དབང་།
གདངས། དབང་འདུས་ཕུན་ཚོགས། །
ལེན་མཁན། དབང་འདུས་ཕུན་ཚོགས། །
མདང་ནུབ་གྱི་དཔྱིད་རླུང་བསིལ་བསིལ་དུ་ལྡང་དུས། །
གྲོག་རོང་ཆེན་པོའི་བརྗིད་ཉམས་སེམས་པར་ཤར་བྱུང་།
མཛེས་པའི་དབྱར་ཁའི་མེ་ཏོག་རྒྱ་མཚོ་འཁྱིལ་སར། །
དུས་བཞིའི་བཀྲ་ཤིས་འཚམས་འདྲི་ཡང་ཡང་ཞུས་ཡོད། །
མདང་ནུབ་མདང་ནུབ་མདང་ནུབ་ཀྱི་རླུང་།
སྨན་གླིང་སྨན་གླིང་སྨན་གླིང་གི་རླུང་།
གནམ་མཐའི་འབྲོག་རའི་ཆུང་འདྲིས་དྲན་བྱུང་།
扎木念;旦增 和声:小良 后期:小巩
དོ་དགོང་གི་དྲོད་རླུང་བསིལ་བསིལ་དུ་ལྡང་དུས། །
མ་སྐྱེས་བྱམས་བརྩེའི་བཀའ་དྲིན་ཡིད་ལ་ཤར་བྱུང་།
ཁུག་སིམ་རྨི་ལམ་ནང་དུ་ཡང་ཡང་མཇལ་སོང་།
མཛེས་པའི་དྲན་གདུང་རླུང་བུས་མ་ཁྱེར་རོག་ གནང་།
དོ་དགོང་དོ་དོང་དོ་དགོང་གི་རླུང་།
སྨན་གླིང་སྨན་གླིང་སྨན་གླིང་གི་རླུང་།
ང་ཡི་ཧི་མ་ལ་ཡའི་མཛའ་གཞས། །
ཧི་མ་ལ་ཡའི་མཛའ་གཞས་གཅིག་ལེན། །
专辑信息