歌词
མ་ཡུམ་ལྷ་མོ།
阿妈拉姆
གཞས་ཚིག རིག་འཛིན་ཧཱུྃ་ཀར་རྡོ་རྗེ།
词|:红格尔多杰
གཞས་པ། མགོ་ལོག་རྒྱལ་མཚན།
演唱:果洛尖参
མ་ཡུམ་ལྷ་མོ།
阿妈拉姆
མ་ཡུམ་ལྷ་མོ།
阿妈拉姆
ཁྱོད་ནི་བྱམས་བརྩེའི་ཐིགས་པ་ཞིག
您是一滴慈悲之水
ངའི་ལུས་ཁམས་ཀྱི་རྩ་སྦུབས་སུ་ཞུགས་ཤིང་།
沉浸在我的血管里
སྙིང་གི་ཁྲག་རྒྱུན་ལ་འདྲེས་ཏེ།
融于心脏的血液
སེམས་ཀྱི་དྲོད་རླབས་ལ་ཐིམ་ཡོད།
浸入到体温的命脉
མ་ཡུམ་ལྷ་མོ།
阿妈拉姆
མ་ཡུམ་ལྷ་མོ།
阿妈拉姆
བྱམས་བརྩེ་ཡི་ཐིགས་པ།
慈悲的水滴
མ་ཡུམ་ལྷ་མོ་ཁྱོད།
是您阿妈拉姆
ངའི་ལུས་སེམས་ཀྱི་རུས་གསང་ལ།
在我的心与身之间
རྐང་མར་བཞིན་དུ་བསྙལ་ཡོད།
像骨髓一样沉浸
མ་ཡུམ་ལྷ་མོ།
阿妈拉姆
མ་ཡུམ་ལྷ་མོ།
阿妈拉姆
ཁྱོད་ནི་སློབ་སྟོན་གྱི་སྒྲོན་མེ་ཞིག
你是一盏教灯,
ངའི་མིག་དབང་གི་དཀྱིལ་འཁོར་ལ་ཞུགས་ཤིང་།
亮在我的双眸间
སྙིང་གི་གུར་ཁྱིམ་ལ་གཏམས་ཏེ།
住满了我的心房
སེམས་ཀྱི་འོད་ཟེར་ལ་འདྲེས་ཡོད།
与心灵的光辉相映
མ་ཡུམ་ལྷ་མོ།
阿妈拉姆
མ་ཡུམ་ལྷ་མོ།
阿妈拉姆
སློབ་སྟོན་གྱི་སྒྲོན་མེ།
教育的明灯
མ་ཡུམ་ལྷ་མོ་ཁྱོད།
是您阿妈拉姆
ངའི་སེམས་རིག་གི་རང་གཤིས་ལ།
我善良的本性
བླ་སྲོག་བཞིན་དུ་འཚོས་ཡོད།
如灵魂一样存在
མ་ཡུམ་ལྷ་མོ།
阿妈拉姆
མ་ཡུམ་ལྷ་མོ།
阿妈拉姆
ཁྱོད་ནི་ལྷག་བསམ་གྱི་མཚོ་མོ་ཞིག
您是善良的湖海
ངའི་ཡིད་དབང་གི་ས་གཞི་ལ་འཁྱིལ་ཞིང་།
我心被深深吸引
རྣམ་ཤེས་ཀྱི་མཛེས་སྡུག་ལ་བཀོད་དེ།
被描绘成灵魂之美
དྲན་ཤེས་ཀྱི་དགའ་སྟོན་ལ་འདྲེས་ཡོད།
沉浸在记忆的回味中
མ་ཡུམ་ལྷ་མོ།
阿妈拉姆
མ་ཡུམ་ལྷ་མོ།
阿妈拉姆
ལྷག་བསམ་གྱི་མཚོ་མོ།
善良的湖海
མ་ཡུམ་ལྷ་མོ་ཁྱོད།
是您阿妈拉姆
ངའི་དྲན་སེམས་ཀྱི་མེ་ལོང་ལ།
在我明镜记忆里
གཡུང་དྲུང་བཞིན་དུ་འཆར་ཡོད།
像雍仲一样浮现
专辑信息