歌词
演唱 : YALASEPUBOY
མི་སེམས་ཉོབ་ནས་འགྲོ་མ་འདུག
ཀྱག་ཀྱོག་གི་ལམ་དེ་མི་ཚེ་ཡི་འགྲོ་ལུགས།
ཡོད་དུས་མེད་བསམ་པ་དེ་ནི་མི་སེམས།
གང་རྒྱུ་མེད་པ་ནི་མི་སེམས་རེད།
མི་སེམས་རེད།
སྡུག་བསྔལ་རེད།
འཚོ་བ་རེད།
རང་སེམས་རེད།
རིག་གནས་རེད།
གུས་ཞབས་རེད།
བསམ་ཤེས་དེ་ཤེས་པ་དགོས།
དྲིན་ལན་དེ་འཇལ་ཐུབ་པ་དགོས།
ཚེ་སྲོག་ནང་གི་གཙོ་བོ་དམིགས་ཡུལ།
འགྲོ་ལུགས་རེད།
ལག་བསྟར་རེད།
དགའ་ཤོས་དེ་ལས།
དགའ་ས་ལ་འགྲོ་ཡ།
དམིགས་ཡུལ་དེ་བསྒྲུབ།
མེད་དུས་ཡོད་ན་བསམ།
ཡོད་ན་མེད་ན་བསམ།
མེད་དུས་ཡོད་ན་བསམ།
ཡོད་ན་མེད་ན་བསམ།
མེད་དུས་ཡོད་ན་བསམ།
ཡོད་ན་མེད་ན་བསམ།
ཡང་ཁྱེད་ལ་སྒོར་མོ་མཛེས་སྡུག་མིང་གྲགས་གོ་གནས་ཡོད་ན་སྤུ་གདོན་མ་རྒྱག
ཡོད་སྣང་ཤིས་སྣང་སྐད་ཆ་དེ་དག་རྣ་བའི་གོ་ས་ལབ་མ་ཡོང་།
ཡོད་སྣང་ཉུང་ཙམ་ཤེས་སྣང་མང་ཙམ་སོམས།
ཁྱོད་ཀྱི་འགྲོ་ལུགས།
ཁྱོད་ཀྱི་འགྲོ་ས་ཤེས་ན་མི་ཚེ་ལམ་དེ་ཤར་ཤར་རེད།
དུས་ཚོད་ཀྱི་འཁོར་ལོ་སྒོར་མོ་བར་མེད་དུ་འཁོར།
Homieཁྱོད་ཀྱི་འགྲོ་ལུགས།
ལས་ལུགས།
འགྲིག་ཡོད་ན་ཆོག་ཀ
རང་སྡུག་གདའ་མ་བསམ་
རང་ཡིད་ཆེས་གྱིས་ཤོག
བསམ་དོན་ལྷུན་འགྲུབ་ཡོང་རྒྱུ་དཀའ་དཀའ་
མ་ཤེས་ཤེས་མདོག་བྱེད་མཁན་མི་མང་པོ་
ལག་ལེན་བརྩོན་འགྲུས་བྱེད་མཁན་ཉུང་ཉུང་
ཕུགས་བསམ་དེ་ཉིན་མོའི་རྨི་ལམ་རེད།
ཚེ་སྟོད་རེད འབད་བརྩོན་རེད།
ཚེ་སྨད། དགའ་སྐྱིད།
ཚེ་སྲོག་ནང་གི་གཙོ་བོ་དམིགས་ཡུལ་
འགྲོ་ལུགས་རེད།
ལམ་བསྟར་རེད།
དགའ་ཤོས་དེ་ལས་
དགའ་ས་ལ་འགྲོ་ཡ
མེད་དུས་ཡོད་ན་བསམ།
ཡོད་ན་མེད་ན་བསམ།
མེད་དུས་ཡོད་ན་བསམ།
ཡོད་ན་མེད་ན་བསམ།
མེད་དུས་ཡོད་ན་བསམ།
ཡོད་ན་མེད་ན་བསམ།
མེད་དུས་ཡོད་ན་བསམ།
ཡོད་ན་མེད་ན་བསམ།