歌曲 / 歌词与中文翻译

ན་གཞོན་ལགས། 青年 Young Man

21Zem无魂Listen on Apple Music

歌词与中文翻译

Let's talk about young Man young blood.
谈及青年 年轻的血液
We have a lot of troubles because .
我们会有许多困难
we are young.   never give up.
因我们 正年轻 永不放弃
ཀྱེ་ཀྱེ། ན་གཞོན་ལགས།
年轻人
ང་དང་ང་འདྲ་བའི་ན་གཞོན་ངེད་ཅག་ནི།
与我一样年轻的人啊
ངས་མཐོང་ཐུབ་པའི་མ་འོངས་ཀྱི་བརྗོད་བྱ་ཁྱེད་ཚོ་ཡིན་ལ།
是我憧憬 未来唯一的主题
རྒྱུད་བའི་ད་ལྟ་ཡིས་འཐབ་གྲོགས་ཡང་ཁྱེད་ཚོ་ཡིན།
是我现实 当下唯一的战友
བཀུར་འོས་བའི་ངའི་ན་གཞོན་གྱི་གྲོགས་པོ་ལགས།
尊敬的 朋友啊
སྔགས་འོས་བའི་ངའི་འཇིག་རྟེན་གྱི་དཔའ་བོ་ལགས།
歌颂你 朋友啊
ཁྱེད་རང་ཕམ་ཁ་ཉོས་དུས་གདོང་ན་འཛུམ་གྱིས་ཁེངས་འདུག་ལ།
就算失败 面容布满微笑
ང་རང་སྐྱོ་བས་མནར་ཁྱེད་ཀྱིས་རོགས་སྐྱོར་ཀྱང་མཛད་མྱོང་།
就算悲痛 也会得到过你的帮助
ན་གཞོན་ལགས།
青年 你 是某个父母的孩子
ཁྱེད་ནི་ཕ་མ་བཟང་པོའི་བུ་ཕྲུག་ཡིན་སྲིད་ལ།
你 也会是某个孩子的父母
གསར་སྐྱེས་བུ་ཕྲུག་འདིའི་ཕ་མར་ཡང་འགྱུར་སྲིད་མོད།
生活中自我主宰虽然很难
རང་ཉིད་ཀྱི་ཆེད་དུ་གསོན་པ་དེ་འདྲའི་དཀའ་ངལ་མང་།
自由的寻找梦想时间很拮据
རང་དབང་གི་དགའ་ཕྱོགས་འཚོལ་པའི་དུས་ཚོད་ཐུང་།
命运给的天赐可能很少
ལས་དབང་གིས་གནང་བའི་བསོད་ནམས་དམན་ནའང་།
生活提的要求可能很高
འཚོ་བ་ཡིས་བཏོན་པའི་ཆ་རྐྱེན་མཐོ་ནའང་།
不变的是 我们舔着伤口
འགྱུར་བ་མེད་པ་ནི། ང་ཚོས་རང་གི་རྨ་ཁ་ལྷན་པོ་བརྒྱབ་དེ།
依旧站着 就像生命中的那些人
སྔར་བཞིན་འཚོ་དགོས་སྟེ། འཇིག་རྟེན་གྱི་སེམས་ཅན་དེ་དག་འདྲ་བར།
依旧 不放弃尊严 不低下头颅
ད་དུང་། ལ་རྒྱ་དོར་མི་རུང་། མགོ་བོ་སྒུར་མི་རུང་།
至少 流过的泪不让他人看见
ཐ་ན། མིག་ཆུ་ཡང་མི་གཞན་ལ་མཐོང་དུ་འཇུག་མི་རུང་།
不埋怨 不犯错
ལེ་བརྡ་བྱེད་མི་རུང་། ནོར་འཁྲུལ་བཟོ་མི་རུང་།
像是行走在人群的孤儿
མི་ཚོགས་ཁྲོད་དལ་གྱིས་བགྲོད་པའི་དྭ་ཕྲུག་བཞིན་བྱམས་བརྩེ་དོར་མི་རུང་།
不放下怜悯
ཁོམ་པ་མེད་པའི་གྲོག་མ་མིག་མེད་འདྲ་བའི་ང་ཚོ།
像蚂蚁般急匆匆
ཁ་ཕྱོགས་བོར་བའི་འབུ་མེ་སྐྱེབས་ལྟ་བུའི་ང་ཚོ།
像飞蛾般匆忙忙
ཆེས་ཉན་ཁ་ཆེ་བ་ནི་གོམས་གསོལ་དང་བདེ་འཇགས
最危险的是片刻的安逸
གནས་སྐབས་ཙམ་གྱི་བདེ་འཇགས་དང་བགས་ཡངས་དེ་ཡིན་ལ།
片刻的安全和享受
ཉན་ཁ་མེད་ན་ཤོར་བ་མེད་ལ་ཐོབ་པའང་མེད་སྲིད།
没有风险就没有收获
ལང་ཚོ་རྫོགས་བྱེད་ནི་ཆུད་ཟོས་སུ་བཏང་བའི་དུས་ཚོད་དང་སྐར་མ་རེ་རེ་དེ་དག་ཡིན་པས།
青春的流失是通过一日复一日
སྐད་ཅིག་ཉིད་བློ་བུར་ཏུ་རྫོགས་འགྲོ་བ་ཞིག་གང་ནས་ཡིན།
不会是顿时的消失
࿂ ང་ཚོ་སད་རན་ང་ཡི་གྲོགས་པོ། ࿂
你该醒了 我的朋友
࿂ང་ཚོ་གསོན་རན་ང་ཡི་སྤུན་ཟླ࿂
你该活着 我的兄弟
࿂ལམ་ལ་ཆས་རན་ང་ཡི་སྙིང་ཉེ࿂
要上路了 我的热爱
࿂མདུན་ཏུ་བསྐྱོད་ཤོག་ང་ཚོའི་རྨི་ལམ།࿂
向前奋进 我们的梦
ང་ཚོ་མཛེས་སྡུག་གི་རྩྭ་ཐང་ན་བཞད་པའི་མེ་ཏོག་མ་ཡིན་ཏེ།
我们没能成为绿绿草原盛开的花朵
ཕྱེ་ཐང་ཛ་དྲག་ཆེ་བའི་ཉི་འོད་འོག་གི་རྔ་མོང་རེ་ཡིན་ཆོག
但可以成为热带沙漠中前进的骆驼
ང་ཚོ་མཇུག་རྫོགས་པའི་ལོ་རྒྱུས་དེའི་བརྗོད་བྱ་མ་ཡིན་ཏེ།
我们没能成为辉煌历史的主角
མི་རིགས་འདིའི་མ་འོངས་སྡོང་ལོ་འཐུག་པོའི་ཡལ་ག་ཅིག་བྱས་ཆོག
但可以成为名族参天大树的枝丫
ཁྱོད་དང་ང་ཡི་སེམས་སུ་སྐྱ་རེངས་བཞིན་འཆར་བའི་སྔ་མོ་དེ་
你我心中埋藏黎明般的明天
ཁྲི་དང་སྟོང་གི་ན་གཞོན་ངེད་ཅག་ལ་མཁོ་བའི་སང་ཉིན་ཡིན་ངེས།
定会是千万年轻人需要的未来
མ་འོངས་ལ་ཡང་དག་པའི་ཁ་ཕྱོགས་ཅིག་ཐེ་ཚོམ་མེད་པར་རྒྱུན་སྐྱོང་བྱོད་དང་།
保持明确的方向一直坚持
རང་ཉིད་ལ་བློ་དཀར་ཞིང་གཞུང་དྲང་ངང་གཡོ་འགུལ་མེད་པར་ཤུགས་ཞིག་རྒྱོབ་དང་།
自爱自怜的保持一直奋斗每一天
ཉིན་རེ་བཞིན། ནངས་མོ་ལར་ལངས་དུས་ང་ཚོར་སྒུག་བསྡད་ཡོད་པའི་དཀའ་ངལ་འདི་དག
睁开眼 就等待我们的那些困难
མཚན་རེ་བཞིན། རྨི་ལམ་ནང་ཡང་བགས་ཡངས་རྙེད་དཀའ་བའི་ཉམས་ཆུང་བེམ་པོ།
每一夜 睡梦中也无法安然入睡的你我
ནམ་ཡིན་ཡང་། གཞན་གྱི་རྩེད་ཆས་འདྲ་བར་རང་སྐྱ་ཙམ་ཡང་ཐུབ་བཞིན་མེད་པའི་
无时无刻 像个玩具般被人玩弄的我们就是年轻人吗?
ང་ཚོ་ན་གཞོན་ཟེར་བ་ཡིན་ནམ།
无力救赎 在金钱时代微笑着流泪的也是年轻人吗?
གང་ལྟར་ཀྱང་། དཔལ་འབྱོར་གཙོར་བཟུང་ནས་གདོང་ན་མིག་ཆུའི་སླན་ཏུ་
Young Man
འཛུམ་མདངས་ལྟོན་མཁན་དེ་ན་གཞོན་ཟེར་བ་ཡིན་ནམ།
年轻人
Young Man
冬虫夏草卖的好时你很威武
དབྱར་རྩྭ་དགུན་འབུ་རིན་གོང་མཐོ་དུས་ཁྱེད་ལ་དངངས་བརྗིད་ལྡན།
钱包空了城市里却没有收留你的人
དངུལ་སྒོར་རྫོགས་རྗེས་གྲོང་ཁྱེར་ན་ཁྱེད་རང་བསུ་མ་བྱེད་མཁན་མེད་ལ
也没有你的容身之所
སྡོད་སའི་གནས་ཞིག་མེད་པར་བསམ་བློ་བཏང་ཨེ་མྱོང་།
Young Man
Young Man
年轻人
བརྩེ་དུང་བློ་དཀར་བཤད་པའི་བརྒྱབ་ཕྱོགས་གསང་བའི་ལྐོག་གྱུར་གྱིས་
寻找真实爱情是你的口号
ཕོ་གསར་མོ་གསར་འགའ་ཤེས་ཞིག་ལ་སྙིང་གཏམ་བཤད་པའི་དུས་
背地里撩着无数个少男少女时
རང་གི་སྙིང་ཉེ་ལ་བཞག་པའི་དམ་བཅའ་བློ་ཡིད་དུ་ཤར་ཨེ་མྱོང་།
想过自己对爱人的承诺吗?
ཆེས་དང་ལེན་བྱེད་དཀའ་བ་ནི་རང་ཉིད་སྤྱིར་བཏང་གི་མི་ཕལ་བ་ཞིག་ཡིན་པ་དེ་རེདདམ།
最无法接受的 是不是自己就是个普通人
ཆེས་བཟོད་མི་ཐུབ་པ་ནི་ཕ་ཕྱུག་པོ་མ་དཔོན་པོ་མེད་པའི་ལས་དབང་འདི་ཡིན་ནམ།
最无法忍受的 是不是没有德高权重的父母
࿂ ང་ཚོ་སད་རན་ང་ཡི་གྲོགས་པོ། ࿂
你该醒了 我的朋友
࿂ང་ཚོ་གསོན་རན་ང་ཡི་སྤུན་ཟླ࿂
你该活着 我的兄弟
࿂ལམ་ལ་ཆས་རན་ང་ཡི་སྙིང་ཉེ࿂
要上路了 我的热爱

更多歌手作品

专辑信息

ན་གཞོན་ལགས། 青年 Young Man →
  1. ན་གཞོན་ལགས། 青年 Young Man