歌词
གཤིས་རྒྱུད་འཇམ་ཞིང་ཡག་པ།། 性情温润如玉,
སྐྱེ་འབྲས་དྭངས་ཤིང་མཚར་བ།། 长相清秀貌美,
ང་ཡི་ཚེ་རིང་ལྷ་མོ།། 她叫次仁拉姆,
སྨོན་ལམ་བཏབ་དང་འདྲ་བ།། 仿若祈愿成实,
དཀར་ཡོལ་འབྲུག་མའི་ནང་ལ།། 祥龙瓷碗之内,
ཞིམ་མངར་འོ་ཇ་ལྟེམས་ཡོད།། 倒满香醇奶茶,
ཕ་མར་གསོལ་བཞེས་གནོངས་དང་།། 敬于至善双亲,
བསམ་དོན་རི་མོ་འགྲུབ་འོང་།། 心想之图皆成,
སྐྱེས་གཟུགས་དྲང་ཞིང་ལྡེམ་པ།། 身段端正婀娜,
སྐད་ངག་ལྷོད་ཅིང་སྙན་པ།། 歌声轻柔悦耳,
ང་ཡི་ཚེ་རིང་ལྷ་མོ།། 她叫次仁拉姆,
སྨོན་ལམ་བཏབ་དང་འདྲ་བ།། 仿若祈愿成实,
གོས་ཆེན་འབྲུག་མའི་ཁ་ལ།། 刺龙绸缎之边,
ཚར་དཀར་གོང་བ་འཐེན་ཡོད།། 连有纯白羔皮,
ན་ཟླར་བྲོ་ཞིག་འཁྲོབས་དང་།། 献舞仿龄亲友,
བསམ་དོན་རི་མོ་འགྲུབ་འོང་།། 心想之图皆成,
བརྩེ་བ་དཀར་ཞིང་གཙང་བ།། 相恋洁白无瑕,
དུང་བ་ཟབ་ཅིང་བརྟན་པ།། 相爱至深且坚,
ང་ཡི་ཚེ་རིང་ལྷ་མོ།། 她叫次仁拉姆,
སྨོན་ལམ་བཏབ་དང་འདྲ་བ།། 仿若祈愿成实,
དབུ་སྐྲ་རྒྱ་ལྕང་སིལ་ལེར།། 细发如柳飘散,
གཡུ་ཡི་རྣ་ལོང་བཏགས་ཡོད།། 耳戴绿松宝石,
ཚིག་གསུམ་མདུད་པ་རྒྱོབ་དང་།། 共立不变誓言,
བསམ་དོན་རི་མོ་འགྲུབ་འོང་།། 心想之图皆成。