歌曲 / 歌词与中文翻译

念 དྲན MISS

21Zem无魂Listen on Apple Music

歌词与中文翻译

ངའི་སེམས་འདི་སྟོང་ལྷིང་ལྷིང་།
我心空荡
རླུང་བུ་འདི་འཁྱག་སིབ་སིབ།
微风凄凉
འཇིག་རྟེན་ལ་དབྱར་གྱིས་དུས་ཚིགས་སླེབས་ཡང་།
世间已春暖花开
ངའི་སེམས་སུ་དགུན་གྱི་མིག་ཆུ་འཐོར་ཡོང་།
我心却冰雪如冬
ངས་བསམ་ན་ང་ནི་ཁེར་རྐྱང་ལ་སྐྲག་བཞིན་ཡོད་པ་འདྲ།
我应该是惧怕孤单 不然
དེ་མ་གཏོགས་ང་ལ་འཇིག་རྟེན་འདིར་ཞེན་ཆགས་ཅི་ཡང་མེད་པའི་
我怎会了无牵挂的感觉这世界如此虚无
སྟོང་བར་སྣང་བའི་ཚོར་བ་འདི་འདྲ་ཞིག་སྐྱེས་དགོས་དོན་མེད་ཁི
我应该是追悔莫及 不然
ངས་བསམ་ན་ད་ལྟ་ང་ལ་འགྱོད་པ་ཡིས་ཁེངས་འདུག་པ་འདྲ།
我怎可坦诚这横刀夺爱的担忧和恐惧
དེ་མ་གཏོགས་ང་ལ་དབང་བའི་མཛེས་སྡུག་དེ་གཞན་གྱིས་བརླག་འགྲོ་བསམ་ནས་སེམས་འཁུར་བྱེད་དགོས་དོན་མེད་ཁི
从前的快乐
སྔོན་ཆད་ཀྱི་སྐྱིད། ད་ལྟ་ཡི་སྡུག
当下的苦痛
རྣམ་པར་བཀྲ་བའི་མེ་ཏོག་ལ་སྔོན་འགྲོ་མེད་པའི་ཆར་བ་དེ་ཡིས་རྒུད་པར་བཏང་བ་བཞིན
像动人的花朵受到冰雨的摧残
ཁ་སང་གི་ང་། དེ་རིང་གི་ཁྱོད།
昨天的我 如今的你
སུས་ཡང་རྟོགས་མི་སྲིད་པའི་ཚོར་བ་སྣོན་པོ་དེ་དུས་ཚོད་ཀྱིས་ཡལ་བར་བཟོས་བ་བཞིན།
像再刻骨的感情也跪拜在时间的无情面前
ད་དུང་ཐེངས་གཅིག ཡང་བསྐྱར་ཐེངས་གཅིག
重复的情话
བཤད་པའི་སྐད་ཆར་བརྩེ་བ་མ་མང་ན།
动情的话少一句
གྲང་ཞིང་འདར་བའི་ལུས་ཕུང་འདི་ལ་དྲོད་ཀྱིས་ཁྱབ་པར་བྱེད་དཀའ་བས།
都无法让冰冷的内心感觉温暖
གུ་ཡངས་ཐེངས་གཅིག དགོངས་དག་ཐེངས་གཅིག
反复的原谅
བྱམས་དང་ལྡན་པའི་མིག་གིས་མ་བལྟས་ན།
动人的眼眸少看一眼
དུང་བ་ཉུང་བའི་དམར་པོ་སྙིང་ཆུང་འདི་ལ་བརྩེ་དུང་ཟབ་མོའི་རྐང་རྗེས་འཇོག་དཀའ་བས།
都不能让寂寞的灵魂感受温存
འགྱུར་སླ་བའི་བརྩེ་དུང་ཟེར་བའི་ཚོར་སྣང་གི་འཇིག་རྟེན་དེ།
善变的人心世故
བརྗེད་སླ་བའི་མི་དང་མིའིི་བར་གཟུགས་མེད་ཀྱི་འབྲེལ་བ་དེ།
易忘的人际关系
ཡོད་སླ་བ་ནི་དགའ་བའི་སེམས་དེ་ཡིན་ཡང་།
轻易地爱上
སྒྲུབ་མི་སླ་བ་ནི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་འབྲེལ་བའི་
难的是喜怒哀乐过程中
སེམས་ཁམས་དེ་དག་དང་རྣམ་འགྱུར་དེ་དག་ཡིན་པས།
阴晴不定的性情变换
བརྩེ་དུང་ནི་གནད་དོན་ཞིག་མིན་ཡང་བརྩེ་དུང་དང་འགྲོགས་སྟེ་ཡོང་བའི་
感情不是个难题
གནད་དོན་དེ་དག་ནི་བརྩེ་བ་འགྱུར་ཞིང་དུང་བ་མེད་པའི་རྒྱུ་རྐྱེན་དུ་འགྱུར་ངེས།
伴随着感情降临的难题
ཡིན་ཡང་། ཁྱོས་ང་ལ་ཡིད་ཆས་ཡོད་ཞེས་བརྗོད་པའི་ཉིན་མོ་དེ་ནས་བཟུང་།
却能改变不变的承诺
ངས་ཁྱོད་ལ་རང་གི་ནུས་བ་དང་མཐུན་པའི་བདེ་སྐྱིད་ཅིག་སྐྲུན་འདོད།
但 自你说相信的那一刻
བདེ་སྐྱིད་དེ་རྒྱུ་འབྱོར་དང་འབྲེལ་བ་མེད།
内心就许诺给与你
བདེ་སྐྱིད་དེ་ལས་དབང་དང་འབྲེལ་བ་མེད།
力所能及的幸福
བདེ་སྐྱིད་དེ་ནུས་བ་དང་ལྷག་ཏུ་འབྲེལ་བ་མེད།
无关金钱
བདེ་སྐྱིད་དེ་ཁྱོད་མ་གཏོགས་འབྲེལ་བ་ཅི་ཡང་མེད།
无关命运
དམ་བཅའ་ནི་འགྱུར་སླ་བའི་ཕུགས་འདུན་དེ་ཡིན་ན།
无关能力
རྨི་ལམ་ནི་འགྱུར་མེད་ཀྱི་དམ་བཅའ་དེ་ཡིན་ངེས།
只关于你
ཁྱོད་ལ་འཕྲེང་བའི་རྣམ་ཤེས་འདི་ནི་རླུང་བུ་བཞིན་དུ་ཡང་ཞིང་གཡོ་བས
承诺是多变的理想
་ང་རང་ཉིད་ཀྱིས་ཡང་ཚོད་འཛིན་བྱེད་མི་ཐུབ་ལ་ཚོད་འཛིན་བྱེད་ཡང་མི་བསམ།
梦想是不变的承诺
མ་འོངས་དེ་དཀའ་ངལ་ཆེ་ཡང་འགྲོ་ཐབས་འདུག་ཐབས་ཙམ་གྱི་ད་ལྟ་ལས་དོན་སྙིང་མཆིས་ཞིང་
思念像飘忽不定的云朵
རིན་ཐང་ལྡན་པར་འདོད་པའི་རང་དབང་གི་སེམས་ཚོར་དེ་ཡིན།
抓不住也没想控制它
ངའི་སེམས་འདི་སྟོང་ལྷིང་ལྷིང་།
未来的难题虽多
རླུང་བུ་འདི་འཁྱག་སིབ་སིབ།
不同与当下是心的方向
འཇིག་རྟེན་ལ་དབྱར་གྱིས་དུས་ཚིགས་སླེབས་ཡང་།
我心空荡
ངའི་སེམས་སུ་དགུན་གྱི་མིག་ཆུ་འཐོར་ཡོང་།
微风凄凉
སྙིང་སྡུག་གི་ཁྱོད་ནི་ང་རང་བཅིངས་གྲོལ་ཏུ་གཏོང་བའི་བད་ེསྐྱིད་ཀྱི་ཉི་ཟེར་དེ་ཡིན།
世间已春暖花开
མཚར་སྡུག་གི་གཏམ་རྒྱུད་འདིའི་བརྗོད་བྱ་དང་དོན་སྙིང་ཡིན།
我心却冰雪如冬
ངའི་མི་ཚེ་འདིའི་དགོད་སྒྲ་ཡི་བདག་མོ་ཡིན། ངའི་རྣམ་ཤེས་ཀྱི་གྲིབ་གཟུགས་ཡིན།
你是解放我身心的阳光
བར་ཐག་རིང་སོང་བས་
是这篇故事的主角
ང་ལ་ལན་རེར་འཇིགས་སྣང་དང་བཤད་མི་ཤེས་བའི་ཚོར་བ་རེ་སྐྱེས་བ་འདི་དག་གིས་
是快乐的源泉
ང་ཁྱོད་དང་བྲལ་བའི་འཚོ་བ་འདི་ལ་དགའ་བཞིན་མེད་པ་མཚོན་ལེ་ཐུབ།
是灵魂的影子
ཁྱེད་དང་འཕྲད་ན་ངའི་སེམས་འཁུར་དང་འདང་རྒྱག་ཚང་མ་ཡལ་འགྲོ་བ་འདི་ཡིས་
异地的遥远有时吞噬我的耐心
ང་ཁྱོད་རང་མཆིས་བའི་གནས་བབས་འདི་ལ་ཇི་འདྲའི་ཆགས་བཞིན་ཡོད་པ་མཚོན་ལེ་ཐུབ་།
让人惧怕会失去
ཡང་ན། ངའི་ལུས་ངག་ཡིད་གསུམ་གྱི་ཚོར་སྣང་དེ་དག་ཁྱོད་ཀྱིས་ཚོད་འཛིན་བྱས་པ་དང་
只有陪伴才能让无处安放
འདས་མ་ད་གསུམ་གྱི་དགའ་སྐྱོ་ཆགས་སྡང་དེ་དག་ཁྱོད་དང་འཕྲད་པའི་ལས་བསྐལ་འདི་ཡི་ཆེད་དུ་ཡིན་པ་མཚོན་པས་རེད།
变得安全又踏实
དགའ་ན་ཁྱོད་ཀྱི་ཆེད་དུ་དགའ་བ་བརྩེ་དུང་ཡིན་ན།
你控制着我的哀与乐
སྡུག་ན་ཁྱེད་ཀྱི་དོན་དུ་སྡུག་པ་ཡང་བརྩེ་དུང་ཡིན་ངེས།
面对曾经和未来一切的原因
སྙིང་ཁོངས་ཀྱི་གཅེས་ཕྲུག་ཁྱོད་ནམ་ཡང་ཁེར་རྐྱང་མིན་ཏེ།
都只为遇见你
ང་ནམ་ཡང་མཚན་མོའི་སྐར་ཚོགས་ཀྱི་གསེང་ནས་ཁྱོད་ལ་བལྟ་བཞིན་ཡོད་ལ།
喜亦是爱念
ཉིན་མོའི་མཁའ་དབུགས་ཀྱི་བུང་ན་ཁྱོད་ལ་འཐམ་བཞིན་ཡོད།
痛亦是爱恋
ཁྱོས་ཕྱིར་མིག་ཞིག་བལྟས་ན་ང་ཁྱོད་ཀྱི་བརྒྱབ་ཕྱོགས་ན་ནམ་ཡང་རྒྱང་རིང་ལ་འགྲོ་མི་འདོད་པ་ཁྱོས་ཤེས་ངེས།
当你回望 你会发现我从未走远
ཁྱོས་འཛུམ་མདངས་ཞིག་ལྟན་ན་ངས་ཡོད་ཚད་ཕར་ལ་གཡུག་དེ་ཁྱོད་གཅིག་པུའི་ཆེད་དུ་རྒྱུགས་ཡོང་བ་ཁྱོས་ཤེས་ངེས།
当你微笑 我会抛开所有找寻你
ཁྱོས་ཕྱོགས་སུ་བལྟས་དུས་འཇིག་རྟེན་འདིའི་གཞི་མ་ཁྱོད་ཡིན་ལ།
望向你 世界的中心是你
སེམས་ཁོངས་ཀྱི་སྤྲོ་བ་དང་སྐྱོ་བའི་ངང་ནས་ཐོན་པའི་མིག་ཆུ་ཡང་
内心的话 伤痛的泪
ཁྱོས་གམ་ནས་མ་གཏོགས་ལུས་སྟེང་ནས་མཐོང་མི་སྲིད།
只有你能看到
ཁྱོད་མ་གཏོགས། ང་རང་བྱིས་པ་བཞིན་གཅེས་ཤིང་བྱིས་པ་བཞིན་དགོད་ཡང་དེ་ལས་མི་སྲིད།
只有你 会宠我像个孩子
ཁྱོད་ཀྱི་ལུས་ཕུང་ནི་ད་གཟོད་ང་ངལ་དུབ་པའི་དུས་སུ་ངལ་གསོ་བྱེད་འདོད་སའི་དྲོད་ཁོལ་དེ་ཡིན་ལ།
你的身旁是我休息的驿站
ཁྱོད་ཀྱི་འཛུམ་མདངས་ནི་ངས་བསྐྲུན་འདོད་པའི་མཚར་སྡུག་གི་མ་འོངས་ཀྱི་སྙིང་བོ་ཁོ་ན་ཡིན།
你的微笑是我想创造未来的意义
སྐྱོ་སྐྱོ་མ་གནང་། ངའི་སེམས་ཀྱི་གཅེས་ཕྲུག ང་ནི་ཁྱོད་དང་ལྷན་དུ་ཡོད་པས།
不要悲伤 宝贝
ངུ་ཡང་དགོས་དོན་མེད། ངས་ཁྱོད་ལ་དགའ་འོས་བའི་རྒྱུ་རྐྱེན་ཞིག་འཚོལ་ངེས།
我一直在你左右

更多歌手作品

专辑信息

念 དུང MISS →
  1. 念 དྲན MISS