歌词
བོད་པ་ཚོ།
ཚིག ཀ་ཤུལ་ལྷུན་པེ། དབྱངས་ བློ་གསལ། ལེན་མཁན་གདུ་དཀར་སྐྱིད་དང་གུ་རུ་སྐྱབས།
ལས་ཀྱིས་བསྡུས་པའི་རང་སྡེའི་སྤུན་ཟླ་ཚོ།།
ཤ་ཞེན་གཙང་མས་བཀུར་ན་དོན་མཐུན་ཡིན།།
ལག་རྡང་རྨང་ནས་འཐོར་བའི་སྟོང་གཏམ་ལ།།
བསམ་བློ་ནན་གྱིས་ཐོངས་དང་བོད་པ་ཚོ།།
ཡུམ་ཆེན་གོ་ལའི་ནུ་ཞོ་མངར་མོ་ལ།།
བཀའ་དྲིན་གཏིང་ནས་ཞུས་ན་ལུགས་མཐུན་ཡིན།།
ས་རྐོ་རྡོ་ཀློག་བྱས་པའི་མཇུག་འབྲས་ལ།།
སེམས་ཁུར་གཏིང་ནས་གྱིས་ཤིག་བོད་པ་ཚོ།།
བརྩེ་བ་བཅོས་མིན་ཞིག་གི་རེ་བ་ལ།།
ཡིད་ཆེས་ནན་ཏན་བྱས་ན་ཚུལ་མཐུན་ཡིན།།
ཨ་གསར་བཅོས་མའི་སྐད་ཆ་སྙན་མོ་ལ།།
ཤེས་རབ་ཞིབ་མོས་བརྟག་ཅིག་བོད་པ་ཚོ།།