歌词
ཕྲེང་བ་ཟད་པོ།
གཞས་ཚིག ཚེ་རིང་རྒྱལ། དབྱངས། པ་སངས།
གཞས་མ། ཆོས་ལྷ།
སྤྲེའུ་བྱང་ཆུབ་སེམས་དཔའི་ཕྱག་ཕྲེང་ཡིན། །
ཨ་མ་བྲག་དཀར་སྲིན་མོའི་སྐེ་རྒྱན་ཡིན། །
ལོ་དད་ཟླ་བ་བརྩེགས་པའི་དེང་གི་ཆར། །
ཕྲེང་བ་ཟད་པོ་བུ་མོའི་སྐེ་ན་ཡོད། །
ང་ཚོ་གངས་ཅན་བོད་ཀྱི་ཕྱག་ཕྲེང་ཡིན། །
སྲུ་མོ་རྒྱ་བཟའ་ཀོང་ཇོའི་ལེགས་སྐྱེས་ཡིན། །
ཨ་ཅེ་སེང་ལྕམ་འབྲུག་མོའི་གཉེན་རྟགས་ཡིན།
སྲོལ་ལ་རྨ་ཁ་ཐེབས་པའི་དེང་གི་ཆར། །
ཕྲེང་བ་ཟད་པོ་བུ་མོའི་སྐེ་ན་ཡོད། །
ང་ཚོ་གངས་ཅན་བོད་ཀྱི་ཕྱག་ཕྲེང་ཡིན། །
གངས་དཀར་ཏི་སེའི་དབུ་ཡི་གསེར་ཏོག་ཡིན། །
མ་ཕམ་གཡུ་མཚོའི་འདབས་ཀྱི་སྐེད་རགས་ཡིན། །
ལོ་ཟླ་མང་པོའི་ཞབས་ཀྱི་གོམ་བར་ན། །
ཕྲེང་བ་ཟད་པོ་བུ་མོའི་སྐེ་ན་ཡོད། །
ང་ཚོ་གངས་ཅན་བོད་ཀྱི་ཕྱག་ཕྲེང་ཡིན། །
慈猴菩萨的念珠
圣母白岩女的项链
岁月的流逝
旧念珠在女儿的项
这是我们雪域儿女的念珠
文成公主的礼物
森姜珠姆的订婚物
怀旧的今日
旧念珠在女儿的项
这是我们雪域儿女的念珠
冈底斯巍峨耸立
玛旁雍错湖水清澈
岁月的沧桑
旧念珠在女儿的项
这是我们雪域儿女的念珠
专辑信息
1.旧念珠