歌词
གསང་བ་སེམས་ཀྱི་དབྱར་ཁ།
Secrecy of summer
ཚིག་རྩོམ་མཁན། སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།
མི་ཚེ་རིང་མོའི་རྒྱུན་ལ་བརྒྱུས་པའི། །
སྐྱིད་སྡུག་གཏམ་རྒྱུད་སྣ་ཚོགས་ཕྲེང་བ། །
རིན་ཐང་གཅིག་ལ་སྙོམ་པོ་མེད་ཀྱང་། །
རྩིས་ཆེན་བྱུ་རུའི་མདོ་འཛིན་ཁྱོད་ཡིན། །
ལོ་ན་གཞོན་པའི་དུས་ལ་མ་འཕྲད། །
སྣང་བའི་རྒྱལ་ཁམས་འགྲིམས་རོགས་མིན་ཡང་། །
ད་རེ་ཤ་འདྲིས་པགས་འདྲིས་བྱུང་བས། །
དགུན་ལ་གསང་བའི་དབྱར་ཁ་མཐོང་བྱུང་། །
འདབ་མ་རླུང་གིས་གཏོར་ན་ཅི་བཅའ། །
ལས་འཕྲོ་ལས་ཀྱིས་ཟད་ན་ཅི་བཅའ། །
དེ་མིན་བར་ཆད་ཆ་ངེ་ཆུང་ངེ་། །
སེམས་དང་སེམས་པའི་བར་ལ་མ་འཇོག །
དགའ་ས་ཁྱོད་ཡིན་གཅེས་ས་ཁྱོད་ཡིན། །
སྐྱིད་གླུ་ཁྱོད་ལེན་སྡུག་གཏམ་ཁྱོད་བཤད། །
རང་དབང་སྤྲིན་པའི་སྣང་བ་མེད་ཀྱང་། །
གསང་བའི་དམ་ཚིག་སྲུང་རོགས་ཉན་དགོས། །
ལྷན་འཛོམས་ཉུང་སོང་འཛོམས་ཡུན་ཐུང་སོང་། །
དྲན་པ་ཁྱོད་ཡིན་རྨི་ལམ་ཁྱོད་ཡིན། །
ལས་ཀྱི་བྱ་གཞག་སོ་སོར་ཡོད་ཀྱང་། །
མ་གསང་འདང་བརྩེའི་ནམ་མཁའ་གཅིག་ཡིན། །
བྱ་བ་ཆེ་ཡང་ཆུང་ཡང་གལ་ཆེ། །
ལས་ཀྱིས་མ་ཐུག་ཡུན་རིང་འགོར་ན། །
མ་མཐོང་མྱི་ཁའི་རླུང་ལ་མ་ཉན། །
བདེན་པའི་འདང་ལ་ཡིད་ཆེས་བྱེད་དགོས། །
专辑信息
1.心藏私密的盛夏