歌曲 / 歌词

吉祥结

云丹Listen on Apple Music

歌词

སྲིད་པ་ས་ལ་ཆགས་པའི་ལོ་རྒྱུས་ནང་།།
ཨ་སྔོན་གནམ་གྱིས་དོག་མོ་ས་གཞི་བསུས།།
བཀྲ་ཤིས་གཉེན་སྟོན་བར་སྣང་ཁམས་ནས་བརྒྱབ།།
ལྷག་བསམ་གཉེན་དར་དཀར་པོ་ང་ཡིས་ཕུལ།།
གནམ་ས་གཉིས་ལ་འགྲོ་དྲུག་སེམས་ཅན་འཁྲུངས།།
གཉེན་སྒྲིག་བཟང་པོ་སེམས་ཅན་བསོད་ནམས་ཡིན།།
བཀྲ་ཤིས་གཉེན་སྒྲིག་འདི་ལ་རྟེན་འབྲེལ་ཞུ།།
གཉེན་ལ་བར་ཆད་མེད་པའི་བཀྲ་ཤིས་ཤོག།།
སྒང་པ་བོད་ལྗོངས་ཆགས་པའི་ལོ་རྒྱུས་ནང།།
སྤྲེའུ་སེམས་པ་བྲག་གི་སྲིན་མོ་བསུས།།
བཀྲ་ཤིས་གཉེན་སྟོན་ཡར་ཀླུང་ཡུལ་ནས་བརྒྱབ།།
བདུད་རྩི་གཉེན་ཆང་མངར་མོ་ང་ཡིས་བཀྱགས།།
སྤེའུ་སྲིན་གཉིས་ལ་མིའུ་གདོང་དྲུག་འཁྲུངས།།
གཉེན་སྒྲིག་བཟང་པོ་གངས་རིའི་སྲོག་ཤིང་ཡིན།།
བཀྲ་ཤིས་གཉེན་སྒྲིག་འདི་ལ་རྟེན་འབྲེལ་ཞུ།།
གཉེན་ལ་བར་ཆད་མེད་པའི་བཀྲ་ཤིས་ཤོག།།
ཁྱིམ་གཞི་གསར་པ་བཟུང་པའི་ལོ་རྒྱུས་ནང།།
རིགས་བཟང་བུ་འདིས་མ་བཟང་སྨན་ཆུང་བསུས།།
བཀྲ་ཤིས་གཉེན་སྟོན་ཡུལ་བཟང་འདི་ནས་བརྒྱབ།།
རྟེན་འབྲེལ་གཉེན་གླུ་སྙན་མོ་ང་ཡིས་ལེན།།
ཁྱིམ་ལ་མྱི་རྒྱུ་ཟས་གསུན་འཛོམས་པར་ཤོག།།
གཉེན་སྒྲིག་བཟང་པོ་ཡུལ་འདིའི་རྒྱན་ཆ་ཡིན།།
བཀྲ་ཤིས་གཉེན་སྒྲིག་འདི་ལ་རྟེན་འབྲེལ་ཞུ།།
གཉེན་ལ་བར་ཆད་མེད་པའི་བཀྲ་ཤིས་ཤོག།།
歌词大意:
各交出一只翅膀
天使新燕
各交出一份真情
神仙伴侣
以后共同恩爱在人间
美好的日子里
仿佛空气里都充满了醉人的甜爱河永浴
天赐好良缘

更多歌手作品

专辑信息

吉祥结 →
  1. 吉祥结