歌曲 / 歌词

兄弟们

康扎西曲达Listen on Apple Music

歌词

 སྤུན་གྲོགས་ཚོ།
དབྱངས།   གྲུ་བ་བསམ་འགྲུབ། 
ཚིག    ཁམས་བཀྲིས་ཆོས་དར། 
གཞས་པ།     ཁམས་བཀྲིས་ཆོས་དར།
ཁྱོད་མགོ་ལ་ཝ་ཞྭ་ཞྭ་མོ་གྱོན།།
ཁྱོད་སྐེ་ལ་རྒྱལ་ཆེན་བླ་རྡོ་བཏགས།།
ཁྱོད་ལུས་ལ་སྟག་ལྤགས་གཟིག་ལྤགས་གྱོན།།
ཁྱོད་ཡིན་པ་དགེ་ལྡན་ཕོ་གསར་རེད།།
ང་ཡིན་པ་དགེ་ལྡན་བུ་ཆུང་ཡིན།།
ཡ།  སྤུན་གྲོགས་ཚོ།   རྡོ་རྗེ་སྤུན་གྲོགས་ཚོ།ཡ། སྤུན་གྲོགས་ཚོ།   ང་ཚོའི་ཤ་ཁྲག་གཅིགཡ།   སྤུན་གྲོགས་ཚོ།  རྡོ་རྗེ་སྤུན་གྲོགས་ཚོ།  ང་ཚོས་སྐོར་ར་འགྲོ།
ཁྱོད་མགོ་ལ་བྱུ་རུ་དམར་པོ་རྒྱན།།
ཁྱོད་སྐེ་ལ་གཟི་དང་བྱུ་རུ་རྒྱན།།
ཁྱོད་ལུས་ལ་ཆུ་སྲམ་དམར་སྨུག་གྱོན།།
ཁྱོད་ཡིན་པ་དགེ་ལྡན་བུ་མོ་རེད།།
ང་ཡིན་པ་དགེ་ལྡན་བུ་ཆུང་ཡིན།།
ཡ།  སྤུན་གྲོགས་ལགས།   རྡོ་རྗེ་སྤུན་གྲོགས་ལགས།ཡ།  སྤུན་གྲོགས་ལགས།  ང་གཉིས་ཆོས་ཁ་གཅིག  སྤུན་གྲོགས་ལགས།   རྡོ་རྗེ་སྤུན་གྲོགས་ལགས།  ང་ཚོས་སྐོར་ར་འགྲོ།
འགྲོ་འགྲོ་འགྲོ། སྐོར་ར་འགྲོ།འགྲོ་འགྲོ་འགྲོ། སྤུན་གྲོགས་ལགས།
ཡུལ་འཛམ་གླིང་ས་ཡི་རྩེ་མོ་རུ།།
སྨད་མདོ་ཁམས་རྟ་ཡི་ཆོལ་ཁ་འདི།།
ཡུལ་དགེ་ལྡན་པ་ཡི་ཕ་ས་རེད།།
གནས་འདི་ལ་མྱུར་དུ་སྐོར་ར་འགྲོ།།
ངའི་དམ་ཚིག་གཅིག་པའི་སྤུན་གྲོགས་ཚོ།།
ཡ།  སྤུན་གྲོགས་ཚོ།  རྡོ་རྗེ་སྤུན་གྲོགས་ཚོ།ཡ།  སྤུན་གྲོགས་ཚོ།  ང་ཚོས་བསྐོར་ར་འགྲོ།ཡ།  སྤུན་གྲོགས་ཚོ།    རྡོ་རྗེ་སྤུན་གྲོགས་ཚོ། དགེ་ལྡན་ཡུལ་ལ་འགྲོ།
ཡ།  སྤུན་གྲོགས་ཚོ།  རྡོ་རྗེ་སྤུན་གྲོགས་ཚོ།ཡ། སྤུན་གྲོགས་ཚོ།  ང་ཚོས་བསྐོར་ར་འགྲོ། ཡ།  སྤུན་གྲོགས་ཚོ། རྡོ་རྗེ་སྤུན་གྲོགས་ཚོ།  དགེ་ལྡན་ཡུལ་ལ་འགྲོ།
འགྲོ། སྤུན་གྲོགས་ཚོ། ང་ཚོས་མཉམ་དུ་འགྲོ།དགེ་ལྡན་ཡུལ་ལ་འགྲོ།

更多歌手作品

专辑信息

兄弟们 →
  1. 兄弟们