歌词
དབྱངས བོད་ལྗོངས་ནད་པ་རོལ་ཚོགས
ཚིག བོད་ལྗོངས་ནད་པ་རོལ་ཚོགས
གཞས་བ ཚེ་དཔག་རྣམ་རྒྱལ།
Sellin ཆར་ནག་འབབ་ལ་ཉེ
ཁེར་རྐྱང་དང་ལྷིང་འཇགས་ལ་སྐྲག་པའི་ཁྱོད་རང་ས་ཆ་གང་ན་ཡོད
Sellin ནམ་ཚོད་ལོག་ཡོང་ངམ
རྫོང་མཁར་འདི་རུ་ཁྱོད་རང་མེད་ཚེ
དྲོད་སྣང་ཕྲན་ཙམ་མེད
Sellin འཚོ་བ་ནི་གྱོན་གོས་འཁྱགས་པ་ཞིག་སྟེ མ་གོན་ན་འཁྱགས་ལ་གོན་ན་ལྷག་ཏུ་འཁྱགས
Sellin ཁྱོད་རང་ཕྱིར་མི་ཡོང་ཚེ ངའང་རང་ཡུལ་ནས་མི་འདུག Sellin ཁྱོད་ཀྱིས་ང་ལ་འབྲི་ཤོག་སྟོང་པ་ཁ་ཤས་བསྐུར་དོན་ཅི་ཡིན
Sellin རྩྭ་ཐང་གི་དབྱར་ཁ་ཧ་ཅང་ཐུང་དོན ཁྱོད་རང་མ་ཡོད་པས་ཡིན་ནམ
Sellin ཆར་ནག་འབབ་ལ་ཉེ
ཁེར་རྐྱང་དང་ལྷིང་འཇགས་ལ་སྐྲག་པའི་ཁྱོད་རང་ས་ཆ་གང་ན་ཡོད
Sellin ནམ་ཚོད་ལོག་ཡོང་ངམ
རྫོང་མཁར་འདི་རུ་ཁྱོད་རང་མེད་ཚེ
དྲོད་སྣང་ཕྲན་ཙམ་མེད
Sellin དབྱར་ཁ་འགྲོ་ལ་ཉེ
སྤྲིན་དཀར་དང་རྩྭ་ཐང་ལ་དགའ་བའི་ཁྱོད་རང
ས་ཆ་གང་ན་ཡོད
Sellin ནམ་ཚོད་ལོག་ཡོང་ངམ
འཇིག་རྟེན་འདི་རུ་ཁྱོད་རང་མེད་ཚེ
སྤྲོ་སྣང་ཅི་ཡང་མེད
Sellin ང་རང་རྒས་ལ་ཉེ
ཞིབ་ཚགས་དང་གཟབ་ནན་ལ་དགའ་བའི་ཁྱོད་རང
ས་ཆ་གང་ན་ཡོད
Sellin ནམ་ཚོད་ལོག་ཡོང་ངམ
མི་ཚེ་འདི་རུ་ཁྱོད་རང་མེད་ཚེ བྲོ་བ་གཞན་ཡང་མེད
Sellin དགུན་ཁ་སླེབས་སོང ཁ་བ་འདི་ཞུ་རྗེས ཁྱོད་རང་ཐོན་སྲིད་དམ
专辑信息