歌词
རྟ་ཕོ་སྒ་སྲབ་ཆ་འགྲིག །
骏马鞍辔成套,
ཉི་ཟླའི་འོད་སྣང་འདྲ་ཡོད། །
恰似日月同辉;
ཡིད་ཀྱི་མེ་ལོང་ངོགས་སུ། །
显于心镜之上,
ཆུང་འདྲིས་ཤར་བ་མིན་ན། །
倘若不是情人,
མགོ་སྐྱེས་གཡུ་ཆུང་རྒྱན་པ། །
佩戴松石少女,
མིག་གིས་མཐོང་བ་སུ་རེད། །
不知她是何人?
མེ་ཏོག་འཇའ་ཚོན་ཤར་དུས། །
鲜花盛开季节,
སྤྲིན་དང་ལུག་ཁྱུ་འདྲེས་ཡོད། །
羊群融入白云;
ཆ་འགྲིག་བརྩེ་བའི་སེམས་པ། །
心心相印情侣,
མི་འགྱུར་དམ་བཅའ་བཞག་ཡོད། །
许下海誓山盟,
མཚོ་ཁའི་གཞས་ཆུང་ལེན་མཁན། །
我的梦中情人,
ཆུང་འདྲིས་མིན་ན་སུ་ཡིན། །
湖边哼唱小曲。
སྐུ་མདོག་སྒྲོལ་མ་དཀར་མོ། །
身形如白度母,
ཐུགས་སེམས་བྱམས་ཀྱི་བདག་མོ། །
意善慈悲圣主;
འཇིག་རྟེན་སྒྱུ་མའི་གྲོང་དུ། །
在此幻化城中,
སྐྱིད་ན་སེམས་ཀྱི་འཚོ་ཡ། །
乐时共享喜悦,
སྡུག་ན་མིག་ཆུ་གཏོང་ས། །
悲时互诉衷肠,
ཆུང་འདྲིས་སེམས་ཀྱི་དྲན་ཤིང་། །
思念心中情人。
音乐宣传:谢旦贴吧工作室