歌曲 / 歌词

དྲན་སྐུད་རིང་མོ། 情深忆长

万玛Mr ChemsiListen on Apple Music

歌词

编录混:岗日达瓦 Mr Chemsi
和声:罗瓦娘则 岗日达瓦
མ་འགྱུར་རྡོ་ལ་བརྐོས་པའི།།
ཞེ་བརྩེ་དྲན་པ་དྭངས་མོ།།
ལྷ་སའི་གྲོང་ནས་བསྐུར་ན།།
ཆུང་འདྲེས་མི་འདུག་མ་གསུངས།།
ཤེས་རིག་པད་མོ་འཛུམ་སའི།།
གདོང་བཞིའི་གུར་ཁང་ནང་ནས།།
ཟུར་མིག་ལན་གསུམ་འཕངས་བས།།
བྱམས་པའི་བརྩེ་བ་ལྷག་སོང་།།
རྒྱ་གྲོང་བདུད་རྩིའི་གསོལ་ཚིགས།།
དཀར་དམར་འོད་ཀྱི་ཚོམ་ཁང་།།
བུ་མོ་བརྩེ་བ་མེད་ན།།
ང་ལ་ཟུར་མིག་མ་གནངས་།།
བརྡ་འཕྲིན་རྦ་རླབས་རྒོལ་ས།།
བརྩེ་བའི་མགོ་འཁྲུལ་མོད་དུས།།
བྱམས་པ་བདེན་པ་མེད་ན།།
ང་ཁྱོད་དགའ་གི་མ་གསུངས།
དྲན་པ་དྲན་པ་མ་གསུངས།།
བརྩེ་བ་མགུར་མའི་མ་གནངས།།
བྱམས་པ་སླེབས་ཚད་དལ་སོང་།།
བུ་མོ་འགྲོ་ཚད་སྔ་སོང་།།
བུ་མོ་རྒྱང་ལ་བུད་སོང་།།
ས་མཐའི་རྐང་རྗེ་མ་ལྷག།
ལྷག་རླུང་དལ་གྱིས་ལྡིང་ན།།
བྱམས་པ་གྲང་བའི་ལན་སོང་།།
ལུས་སོང་ལུས་སོང་མ་གསུངས།།
སྦྲ་ནག་ཁྲི་སྡེ་མོད་ས།།
ནོར་ལུག་མེ་ཏོག་མང་ས།།
བུ་མོའི་འཛུམ་རོགས་ཡིན་སོང་།།
བུད་སོང་བུད་སོང་མ་འདོད།།
ཚིག་ལ་རྒྱུས་པའི་བརྩེ་བ།།
ཤོག་དཀར་གྲུ་བཞིར་བཀོད་ན།།
བྱམས་པའི་འགྲོ་རོགས་ཡིན་སོང་།།

更多歌手作品

专辑信息

དྲན་སྐུད་རིང་མོ། 情深忆长 →
  1. དྲན་སྐུད་རིང་མོ། 情深忆长