歌词
མི་རབས་གསར་བ།
མཁྲེགས་ཤིང་རྙིང་བའི་མགོ་བོ་དེ་དག་ལ།
གཞས་ཚིག ངར་མ།
གདངས། གཡུ་འབྲུག་ཚན་སྡེབ།
ལེན་མཁན། གཡུ་འབྲུག་ཚན་སྡེབ།
རྫས་དུད་ཀྱིས་མནོན་པའི་ནམ་མཁར་བལྟས་ཏེ།
望着被污染的天空
སང་ཉིན་གྱི་ཉི་ཟེར་ལ་སྒུག་བཟོད་མེད་དེ།
没时间期待明天的阳光
ད་ལྟ་ཉིད་ནས།
即刻就出发
ང་ཚོ་ལམ་ལ་ཆས་རན།
我们该上路了
བསམ་བློ་གཏོང་རན།
该思考了
འགྲོ་འདུག་ཀུན་ལ་ཚང་རྩིས་བརྒྱག་རན།
ལམ་ལ་ཆས་རན།
该上路了
བསམ་བློ་གཏོང་རན།
该思考了
འགྲོ་འདུག་ཀུན་ལ་ཚང་རྩིས་བརྒྱག་རན།
ང་ཚོའི་དཔུང་བ་རྗེན་པ་རྔུལ་ནག་གིས་བརླན།
我们的手臂被黑色的汗水打湿
མགོ་སྐྲ་རིང་བོ་རླུང་གིས་གཟེངས།
长发随风飘
ང་ཚོའི་དད་མོས་དང་འཚོ་བ།
རང་དབང་གིས་མཛེས།
ང་ཚོ་ཚང་མའི་འགྲོ་ལམ་ནི་རང་གི་གདམ་ཀ་ལ་དབང་འདུག་སྙམ།
我们的路途该由我们选择
རྔུལ་ཆུ་ཅི་ཙམ་བཏོན་ཚེ།
祖辈们曾说
འབྲས་བུ་དེ་ཙམ་ཡོད་ཅེས་མེས་པོ་ཚོས་སྨྲ།
几多汗水
མེས་པོ་ཚོ་གནའ་ནས་བཞུད་སོང་མོད།
几多收获
ང་ཚོ་ཁུ་སིམ་མེར་འདུག་དོན་མེད།
ལས་ཀྱི་བདག་པོ་དེས།
ང་རང་རྩེད་ཆས་ཙམ་དུ་བཞག་ཡོད་སྐད།
命运把我们当成玩具
ང་ཡིས་རང་གི་སྟོབས་ཤུགས་དང་རྣམ་རིག་གིས།
我们要用自己的力量和智慧
ཁོང་ལ་ཡ་ལན་སྤྲོད་དགོས་འདུག
去证明什么
ཁྱིམ་མཚེས་རྒན་མོས་ཀྱང་།
ང་རང་ལང་ཤོར་ཅིག་ཏུ་བརྩིས་འདུག་སྐད།
ང་ཡིས་རང་གི་ནུས་པ་དང་འཇོན་ཐང་གིས།
ཅི་ཞིག་ར་སྤྲོད་བྱེད་དགོས་འདུག
མི་རབས་གསར་བར་ལང་ཚོ་ཟེར་བའི་འབྱོར་བ་ཞིག་ཡོད།
新一代有一样年华叫收获
མི་རབས་གསར་བར་ང་རྒྱལ་ཟེར་བའི་སྤོབས་པ་ཞིག་ཡོད།
新一代有一种勇气叫骄傲
མི་རབས་གསར་བར་ཀུ་རེ་ཟེར་བའི་རྣམ་འགྱུར་ཞིག་ཡོད།
新一代有一种嬉戏叫态度
མི་རབས་གསར་བར་རང་དབང་ཟེར་བའི་བསླུ་བྲིད་ཅིག་ཡོད།
新一代有一种自由叫欺骗
བར་སྐབས་ཤིག་ལ་ང་ཡིས་བརྩེ་དུང་ནི་ཅི་ཡང་ཡིན་པར་བསམ།
有时我们把感情当儿戏
བར་སྐབས་ཤིག་ལ་བརྩེ་དུང་གིས་ང་རང་ཅི་ཡང་མིན་པར་བཏང་།
有时感情把我当儿戏
ང་རང་ཤིན་ཏུ་དགའ་བའི་བུ་མོ་ཞིག་གིས། ང་ལ་ཤིན་ཏུ་མཛེས་པའི་དྲན་རྟེན་ཞིག་བྱིན་མྱོང་།
心爱的姑娘曾送给我美丽的纪念品
ད་ལྟ། ང་ཡིས་ཁོ་མོ་བོར་སོང་མོད།
如今我把她丢失
བརྩེ་དུང་གི་རྨི་ལམ་བོར་མེད།
但是感情的梦依然还在
ཟོལ་རྫུ་དང་གཡོ་ཁྲམ། ཤོག་དངུལ་དང་དབང་གྲགས་ཀྱིས་མི་སེམས་བསླུ་བའི་སྤྱི་ཚོགས་སུ།
在虚伪和欺骗,金钱和名利诱惑人心的社会里
ང་ཡིས་དོན་དམ་གྱི་བརྩེ་དུང་ཞིག་རྙེད་སྲིད་དམ།
我会找到真实的感情吗?
ང་ཡིས་རྟག་བརྟན་གྱི་དམ་བཅའ་ཞིག་རྙིད་སྲིད་དམ།
ང་ཚོ་སུས་རྙེད་སྲིད་དམ།
ང་ཚོས་རང་གི་ན་ཟུག་དང་ཨ་གསར་གྱི་སེམས་ཁམས་བླངས།
ང་ཚོས་རང་གི་མེད་མུག་དང་འཚོ་སྡོད་ཀྱི་འཇིགས་པ་བྲིས།
ང་ཚོས་རང་གི་ལང་ཚོ་སྤོབས་པས་མཆོད།
ཕུགས་བསམ་འབད་འབུངས་ཀྱིས་འཚོལ།
འཚོལ་་་
ང་ཚོ་ནི་དེ་རིང་གི་མི་རབས་གསར་བ་ཡིན།
ང་ཡིས་རང་གིས་བསྒྲུབ་འདོད་པ་ཞིག་བསྒྲུབས་པས།
མཚན་མོར་རྨི་ལམ་འཁྲུག་གི་མེད།
ང་ཡིས་རང་གི་འཆད་འདོད་པ་ཞིག་བཤད་པས།
ཁོང་གཏམ་ནད་དུ་འགྱུར་གྱི་མེད།
ང་ཡིས་རང་གིས་རང་ཉིད་བྱས་པ་ཙམ་མོ།
ང་ཡིས་རང་གིས་བསྒྲུབ་འདོད་པ་ཞིག་བསྒྲུབས་པས།
མཚན་མོར་རྨི་ལམ་འཁྲུག་གི་མེད།
ང་ཡིས་རང་གི་འཆད་འདོད་པ་ཞིག་བཤད་པས།
ཁོག་གཏམ་ནད་དུ་འགྱུར་གྱི་མེད།
ང་ཡིས་རང་གིས་རང་ཉིད་བྱས་པ་ཙམ་མོ།
ང་ལ་གོམས་པར་གྱིས་ཤིག
ང་ནི་ཁྱོད་ཀྱིས་མ་རྔུབ་ཐབས་མེད་ཀྱི་དབུགས་རྒྱུན་དེ་ཡིན།
我们这一代是风华正茂的新一代
ང་ལ་གོམས་པར་གྱིས་ཤིག
ང་ནི་ཁྱོད་ཀྱི་མ་བལྟས་ཚད་མེད་ཀྱི་འདྲ་རིས་དེ་ཡིན།
我们这一代是意气奋发的新一代
ང་ལ་གོམས་པར་གྱིས་ཤིག
ང་ནི་དེ་རིང་གི་སྣང་ཚུལ་དང་སང་ཉིན་གྱི་གནད་དོན་དེ་ཡིན།
ཁྱོད་ཀྱི་རྒྱ་ཁར། ང་རང་ཧ་ཅང་ཡང་ངམ།
ཁྱོད་ཀྱི་སྣང་ངོར། ང་རང་ཧ་ཅང་ཆུང་ངམ།
ཁྱོད་ཀྱི་ཚད་ཤིང་གི་ཐད་དུ། ང་རང་ཧ་ཅང་ཐུང་ངམ།
ཁྱོད་ཀྱིས་གཞུང་ལུགས་ཀྱི་ཐོ་བས་ང་ཡི་མགོ་བོ་གཅོག་པར་འདོད་དམ།
ཁྱོད་ཀྱིས་བཙན་གཏམ་གྱི་མདེའུས་ང་ཡི་སྙིང་ཁ་བརྟོལ་བར་འདོད་དམ།
ཁྱོད་ཀྱིས་ཕྲག་དོག་གི་གཟེར་མས།
ང་ཡི་རྐང་མཐིལ་འབིག་པར་འདོད་དམ།
ཁྱོད་ནི་རྙིང་ཞིང་རལ་བའི་འཕྲུལ་འཁོར་ཞིག་སྟེ།
དུས་ཀྱི་རྟ་ཕོ་ད་ནངས་ནས་སྔོན་ལ་རྒྱུག་སོང་།
ཁྱོད་ནི་སྲབ་ལ་ཆུང་བའི་མེ་ལྕེ་ཞིག་སྟེ།
འཁྱགས་པའི་ཟུངས་ཁྲག་ཁྲོད་ཀྱིས་བསྲོས་ཐབས་བྲལ་འདུག
ང་ཚོ་ནི་་་
ཁྱོད་ཀྱི་ལེགས་བཤད་དང་བཀའ་ལུང་གིས་མ་ཚིམས་པའི།
རིག་པ་རྣོན་པོ་དེ་ཡིན།
ཁྱོད་ཀྱི་འོད་ཟེར་དང་སྟོབས་ཤུགས་ཀྱིས་མ་བསྐྲོད་པའི།
མུན་པ་འཇམ་པོ་དེ་ཡིན།
ང་ཚོ་ནི་ཁྱོད་ལ་སྙིང་ནད་སློང་བྱེད་ཀྱི་ཀུ་ཅོ་དང་རྒོལ་ལན་ཡིན།
ང་ཚོ་ནི་ཁྱོད་ཀྱི་འཚོ་བའི་སྐྲག་འཇིགས་དང་ནད་ཡམས་ཡིན།
མི་རབས་གསར་བར་ལང་ཚོ་ཟེར་བའི་འབྱོར་བ་ཞིག་ཡོད།
新一代有一样年华叫收获
མི་རབས་གསར་བར་ང་རྒྱལ་ཟེར་བའི་སྤོབས་པ་ཞིག་ཡོད།
新一代有一种勇气叫骄傲
མི་རབས་གསར་བར་ཀུ་རེ་ཟེར་བའི་རྣམ་འགྱུར་ཞིག་ཡོད།
新一代有一种嬉戏叫态度
མི་རབས་གསར་བར་རང་དབང་ཟེར་བའི་བསླུ་བྲིད་ཅིག་ཡོད།
新一代有一种自由叫欺骗
གཏམ་རྒྱུད་ཀྱི་མཇུག་འདི་ནས་བསྡུ་བར་མི་བྱ།
这不是故事的结局
མགོ་རྩོམ་པར་བྱ།
是新的开始
ང་ཚོ་གཉིད་པར་མི་བྱ་གཏན་དུ་སད་པར་བྱ།
རྨི་ལམ་ལ་གོམས་པར་བྱ།
མ་རངས་བའི་གཏོར་བཤིག་དང་ངོ་རྒོལ་ལ་གོམས་པར་བྱ།
ཚོར་བ་རིགས་ཤིག་ལ་གོམས་པར་བྱ།
མདུན་ནས་མདུན་དུ་བསྐྱོད་པར་གོམས་པར་བྱ།
སྙིང་ཉེ་བའི།
可爱的
མགོ་འཕང་མཐོ་བའི།
高傲的
མི་རབས་གསར་བ
新一代
专辑信息
1.新一代