歌词
༼རེ་སྒུག་གི་གསང་བ།༽
ཚིག ཁྱུང་བཟང་།
དབྱངས། དཀའ་ཐུབ་རྒྱལ།
ལེན་མཁན། ཡེ་ཤེས་ལྷ་མོ།
ང་ཡི་ཆུང་འདྲིས་ལྷ་ཡིན།།
ལྷ་ཞེས་མཇལ་རྒྱུ་མེད་རུང་།།
ཚུར་འཁོར་འཛུམ་ཆུང་ནང་ལ།།
ལྷ་ཡི་བརྩེ་བ་འཁྱིལ་ཡོད།།
ང་དང་ཆུང་འདྲིས་བར་ཐག།
ཆུ་དང་གཙང་བོས་བཅད་ཡོད།།
གཙང་འགྲམ་བྱེ་མའི་གཞུང་ན།།
ང་ཡི་རྐང་རྗེས་ལུས་ཡོད།
ཚུར་ཡོང་བརྒྱ་ལ་བལྟས་ནས།།
ཆུང་འདྲིས་ཨེ་ཡོང་བསམས་ཀྱང་།།
དགུན་གསུམ་ཁ་བའི་གཞུང་ལ།།
ད་རུང་ལོག་རྒྱུ་མི་འདུག།
ང་ཡི་ཆུང་འདྲིས་མདའ་ཡིན།།
མདའ་ཞེས་འཕེན་རྒྱུ་མེད་རུང་།།
ཕར་འཁོར་རྒྱབ་གཟུགས་ངོས་ལ།།
མདའ་ཡི་དྲང་ཚུགས་བབས་ཡོད།།
ཆུང་འདྲིས་ཆུང་ནས་འདྲིས་པས།།
བརྩེ་སེམས་འོ་ཆུ་འདྲ་བ།།
འོ་ཆུ་འདྲེས་པའི་སྣང་བ།།
ད་དུང་གནས་རྒྱུ་བྱུང་ན།།
ཚུར་ཡོང་བརྒྱ་ལ་བལྟས་ནས།།
ཆུང་འདྲིས་ཨེ་ཡོང་བསམས་ཀྱང་།།
དགུན་གསུམ་ཁ་བའི་གཞུང་ལ།།
ད་རུང་ལོག་རྒྱུ་མི་འདུག།
ཆུང་འདྲིས་ཆུང་འདྲིས་ཟེར་བ།།
རི་མགོ་མཐོན་པོའི་དར་ལྕོག།
དར་ལྕོག་རླུང་གིས་ཟད་ན།།
སེམས་ལ་ན་ཟུག་ལྡང་གི།
专辑信息
1.等待也是一种美