歌词
恋曲 东周扎西
སྨྲེང་བའི་དྲན་མགུར།
ཚིག བཀྲ་ཤིས།།
དབྱངས་། ཚེ་རིང་མགོན་པོ།།
གཞས་པ། དོན་འགྲུབ་བཀྲ་ཤིས།།
གངས་རི་དཀར་བའི་ཡུལ་ལྗོངས་ནས།།
ཡིད་ཀྱི་འོ་ཆུ་ལྷན་དུ་འདྲེས།།
ང་ཡི་སྙིང་སྡུག་འཇོ་སྒེག་མ།།
འུ་གཉིས་ཞབས་རྗེས་རི་མོ་མཛེས།།
སྦྲང་ཆར་འབབ་པའི་ཉིན་ཞིག་ལ།།
མེ་ཏོག་སྣ་བརྒྱ་བཞད་པའི་དཀྱིལ།།
ང་དང་སྙིང་གི་བྱམས་པ་གཉིས།།
མཛའ་བའི་གཞས་ཆུང་ལྷག་ཏུ་དྲན།།
ཨ་ལ་ཡེས་་་གངས་རི་་་འུ་གཉིས་ཞབས་རྗེས་རི་མོ་མཛེས།།
ཨ་ལ་ཡེས་་་མཛའ་མོ་་་མཛའ་བའི་གཞས་ཆུང་ལྷག་ཏུ་དྲན།།