歌词
《 འགྲོ 》
《走》
ཚིག། ཞི་བདེ་ཉི་མ།
词:西德尼玛
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
曲:郎加曲美才让 
གཞས་པ། ཤེར་བྷ།
演唱:谢尔巴 
འགྲོ་ཡ། འགྲོ་ཡ། གར་ལ་འགྲོ
走呀,走呀, 去跳舞 
གཉེན་ཉེ་འཛོམས་དུས་གར་ལ་འགྲོ
亲人相聚时,去跳舞
གཅིག་འགྲོ་གཉིས་འགྲོ་གར་གྱི་མཆོད་པ་ཡིན།།
一步两步都是舞的开头 
གཉིས་ལྡེམ་གསུམ་ལྡེམ་གར་གྱི་སྟངས་སྟབས་ཡིན།
三步四步都是舞的风范 
ཡར་ལ་འགྲེང་ན་རྒོད་པའི་གཤོག་འགྱུར་ཡིན།
站着跳就像鹰翅 
མར་ལ་ལྡེམ་ན་རྨ་བྱའི་སྒྲོ་གུར་ཡིན།
向下摆动就像雀羽 
འགྲོ་ཡ། འགྲོ་ཡ། གར་ལ་འགྲོ
走呀,走呀, 去跳舞
འཛོམས་པའི་མི་ལ་དགོས་དགོས་གར་ཞིག་དགོས།།
相聚的人需要跳一曲 
ན་ཟླ་ཚོ།འགྲོ་ཡ་འགྲོ་ཡ།ང་ཚོ་གར་ལ་འགྲོ
同龄们,走呀,我们去跳舞 
ལེན་ཡ། ལེན་ཡ། གླུ་ཞིག་ལེན།
唱呀,唱呀,唱首歌
གཉེན་ཉེ་འཛོམས་དུས་གླུ་ཞིག་ལེན།
亲人相聚时唱首歌 
ཨ་ཡང་ལ་མོ་གླུ་ཡི་འགྱུར་ཁུགས་ཡིན།
啊央啦姆是歌的旋律。
ལྡེམ་ལྡེམ་འཁོར་བ་གླུ་ཡི་ཉམས་འགྱུར་ཡིན།
婀娜多姿是歌的风范
ཡར་ལ་གྱེར་ན་ཁུ་བྱུག་གསུང་སྐད་ཡིན།
高歌吟唱就像鹁鸪叫声
མར་ལ་བཀུགས་ན་འཇོལ་མའི་དྲུག་འགྱུར་ཡིན།
低声哼唱就像杜鹃叫声 
ལེན་ཡ། ལེན་ཡ། གླུ་ཞིག་ལེན།
唱呀!唱呀! 唱首歌。 
འཛོམས་པའི་མི་ལ་དགོས་དགོས་གླུ་ཞིག་དགོས།།
相聚的人需要唱一首歌。
ན་ཟླ་ཚོ། ལོངས་ཡ། ལོངས་ཡ། ང་ཚོས་གླུ་ཞིག་ལེན།
同龄们,唱呀! 唱呀!我们唱首歌。
专辑信息
1.