歌词
词:俄尖索郎
曲:俄尖索郎
制作:谢旦贴吧工作室
ལས་ཀྱི་འོད་ལམ་རིང་མོ།།
འཚོ་བའི་གཞི་རུ་འཕྲོས་སོང་།།
སེམས་ཀྱི་མེ་ཏོག་ཆུན་པོ།།
སྔོན་མོའི་སྤང་ལ་བཞད་ཡོད་།།
ཨ་ལ་ལ་་་་་་་སེམས་ཀྱི་མྱི།
ཨུ་དུམ་ཝ་ར་འདྲ་བའི།།
ཨུམ་་་་་་་སྙིང་སྡུག
གཡུ་ཆུང་དྲུག་དཀར་འདྲ་བའི།།
ལས་ཀྱི་སྐྱིད་གྲོགས་སྡུག་གྲོགས། །
སེམས་ཀྱི་མཐིལ་ལ་བསྐྱིས་ཡོད།།
སེམས་ཀྱི་གཙང་བོར་འདྲེས་པས།།
མི་ཚེ་གཅིག་ལ་དཀྲིས་སོང་།།
རྟེན་འབྲེལ་ལེགས་ཚོགས་ཉིན་ལ།།
དམ་བཅའི་རི་མོ་ཕབ་ཡོད།།
ཨ་ལ་ལ་་་་་་་་་སེམས་ཀྱི་མྱི།
བལ་འཇམ་ལུ་གུ་འདྲ་བའི།།
ཨུམ་་་་་་་སྙིང་སྡུག
གཡང་གི་རུ་མ་འདྲ་བའི།།
འཁོར་བའི་ཀ་ལྕམ་གདུང་དྲུག།
འདི་ཕྱིའི་སྐྱ་ཡར་སྒོམ་ཡོད།།
ཨ་ལ་ལ་་་་་་་་་སེམས་ཀྱི་མྱི།
བལ་འཇམ་ལུ་གུ་འདྲ་བའི།།
ཨུམ་་་་་་་སྙིང་སྡུག
གཡང་གི་རུ་མ་འདྲ་བའི
专辑信息