酒歌------尖参

歌词
རྒྱ་སྟག་ཚང་ལ་ཉལ་འདྲའི་ཕ་ཁུ།
如蛟龙卧虎般的父辈们
ཆང་འདི་གསོལ་རོགས།
请饮上此酒吧
བསྭོ་ཡ་ལ།
嗦呀啦
ལྷ་ཆབ་བདུད་རྩི་འདི་ཡིས།
饮此神泉甘露
སྲིད་པའི་གཏམ་སྒོ་ཕྱེས་ཡོང་།
便开启千古话语
དེ་རིང་ནང་མི་འཛོམས་པ་ཡག་སོང་།
今日家人团聚甚好
བསོད་ནམས་ཡར་འགྲོ་ལ་ཡེ།
福德更圆满
སྐལ་བ་ཡར་འགྲོ་ལ་ཡེ།
幸福更绵长
ཆང་ཕོར་བཀྲ་ཤིས་རྟགས་བརྒྱད་བཏེགས་ནས།
举起吉祥八宝杯
བདུད་རྩི་ཆང་འདི་གསོལ་རོགས།
请畅饮甘露酒吧
བདུད་རྩི་ཆང་འདི་གསོལ་རོགས།
请畅饮甘露酒吧
རྨ་བྱའི་སྒྲོ་གུར་ཕུབ་འདྲའི་མ་སྲུ།
如孔雀开屏般的母辈们
གར་ལ་རོལ་ཤོག
请尽情舞动吧
བསྭོ་ཡ་ལ།
嗦呀啦
ལང་ཚོའི་ལྡེམ་འགྲོས་དེ་ཡིས།
用青春的舞步
ཕོ་བརྒྱའི་དབང་བོ་འདུལ་ཡོང་།
勾起百千汉子的灵魂
དེ་རིང་ཁྲོམ་པའི་རྩེད་སྲོལ་ཡག་སོང་།
今日聚场氛围甚好
བསོད་ནམས་ཡར་འགྲོ་ལ་ཡེ།
福德更圆满
སྐལ་བ་ཡར་འགྲོ་ལ་ཡེ།
幸福更绵长
འཛུམ་ཆུང་པད་མའི་འདབ་རྒྱ་གྲོལ་ཏེ།
含苞待放的荷花怒放
སྤྲོ་བའི་གར་ལ་རོལ་ཤོག
请尽情享受舞步吧
སྤྲོ་བའི་གར་ལ་རོལ་ཤོག
请尽情享受舞步吧
ཁུ་བྱུག་ནགས་ལ་བབས་འདྲའི་ན་ཟླ།
如杜鹃在林般的兄弟姐妹们
གཞས་ཤིག་གཏོང་རོགས།
请唱首歌吧
བསྭོ་ཡ་ལ།
嗦呀啦
ངག་གི་མཆོད་པ་གཙང་མས།
请用清纯干净的言供
སྐྱེ་འགྲོའི་གདུང་བ་སེལ་ཡོང་།
去解众生之忧
དེ་རིང་ན་ཟླ་འཛོམས་པ་ཡག་སོང་།
今天兄弟姐妹相聚甚好
བསོད་ནམས་ཡར་འགྲོ་ལ་ཡེ།
福德更圆满
སྐལ་བ་ཡར་འགྲོ་ལ་ཡེ།
幸福更绵长
མགྲིན་པ་གཡུང་དྲུང་འཁྱིལ་བའི་ཁུག་ནས།
用婉转如拥忠的歌喉
སྙན་པའི་གཞས་ཤིག་གཏོང་རོགས།
请唱一首美妙的歌吧
སྙན་པའི་གཞས་ཤིག་གཏོང་རོགས།
请唱一首美妙的歌吧
མགྲིན་པ་གཡུང་དྲུང་འཁྱིལ་བའི་ཁུག་ནས།
用婉转如拥忠的歌喉
སྙན་པའི་གཞས་ཤིག་གཏོང་རོགས།
请唱一首美妙的歌吧
སྙན་པའི་གཞས་ཤིག་གཏོང་རོགས།
请唱一首美妙的歌吧
专辑信息
1.酒歌------尖参