歌词
ང་ཡི་སྤུན་གྲོགས།
我的兄弟
ཚིག བསང་ཚེ་བཀྲ།
作词:桑才扎
དབྱངས། བསང་གསེར་མིག
作曲:桑赛木
ལམ་ཚང་གི་སྤུན་གྲོགས་ཡོངས།
弹唱:郎木仓所有兄弟
སྨུག་ལོང་གི་རྫ་རིའི་འཕྲེང་དུ། །
虽没有密云山峦上
ལུག་ཁྱུ་དེ་འཚོ་རོགས་མིན་རུང་། །
羊群游移的故事
རི་ཤོད་ཀྱི་དེའུ་འབུར་མགོ་ནས། །
但在不远的山丘上
སྣ་གླུ་རེ་ལེན་རོགས་ཡིན་པས། །
有载歌载舞的记忆
ལམ་གཅིག་ལ་མཉམ་དུ་ཆས་ཡོད་པས།།
我们是一同寻梦的朋友
ིང་ཡི་ན་མཉམ། ང་ཡི་སྤུན་གྲོགས།
我的挚爱 我的兄弟
ནང་སེམས་ཀྱི་མཛེས་བ་གཅིག་པས། །
因内心的声音相同
ལམ་སྐྱ་མོ་གཏམ་གྱིས་བསྐྱལ་ཆོག །
余生都与你远行寻梦
སྔོ་ལྗང་གི་སྤང་ཁུག་དེ་ནས། །
虽不是绿色草地上
རྟ་གཤིབ་དེ་འཐེན་རོགས་མིན་རུང་། །
一起骑马成长的青梅竹马
དུས་རབས་ཀྱི་དཀྱོག་མཚམས་འདི་ནས། །
但在这时代的转折点
ཕུགས་འདུན་དེ་གླེང་རོགས་ཡིན་པས། །
我们是同梦之交的朋友
ལམ་གཅིག་ལ་མཉམ་དུ་ཆས་ཡོད། །
这一路与你相遇
ང་ཡི་ཤག་པོ། ང་ཡི་སྤུན་གྲོགས།
我的挚爱 我的兄弟
ནང་སེམས་ཀྱི་དུངས་བ་གཅིག་པས། །
因内心的感情不变
ལམ་དཀར་པོ་དལ་གྱིས་འགྲིམ་ཆོག །
我们永远一路同行
སྦྲ་ནག་གི་ཆོན་ཐག་བར་ནས། །
虽不是在黑帐篷的周围
ཆུང་དུས་ཀྱི་རྩེད་རོགས་མིན་རུང་། །
一同成长的竹马之交
སྒྱུ་རྩལ་གྱི་ཞིང་ཁམས་འདི་ནས། །
但在这艺术世界里
གཞོན་དུས་ཀྱི་དགའ་ཕྱོགས་གཅིག་པས། །
这一路与你相遇
ལམ་གཅིག་ལ་མཉམ་དུ་ཆས་ཡོད། །
这一路与你相遇
ང་ཡི་ན་ཟླ། ང་ཡི་སྤུན་གྲོགས།
我的挚爱 我的兄弟
ནང་སེམས་ཀྱི་འཚོལ་སྙེག་གཅིག་པས།།
因为内心的追求一样
ལམ་རིང་མོར་ཡུན་གྱིས་སོང་ཆོག །
我们远行那梦想之路
专辑信息