歌词
ང་ཡི་སྙིང་སྡུག
至爱
ཚིག་རྩོམ་མཁན། གངས་དཔལ།
作词:岗华
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
作曲:三智才让
གཞས་ལེན་མཁན། མགར་བསམ་འགྲུབ་ཚེ་རིང་། ཡེ་ཤེས་ལྷ་མོ།
演唱:三智才让 叶西拉姆
ཕོ།
须眉
འཁོར་བའི་རི་ལ་སྐྱེས་པའི། །
陨生红尘峻岭
སེམས་སོང་སུ་རུའི་མེ་ཏོག།
意从苏鲁奇花
ཐུགས་ལ་མཛའ་བའི་དུས་ལ། །
心怀伊人时分
སེམས་པ་རྗེས་ལ་ཆགས་སོང་། །
雄心随之而去
དམ་བཅའ་མནའ་ལ་བབས་པའི། །
誓要固守允诺
ཉི་ཤུའི་ནང་གི་སྣང་བ། །
少年意气飞扬
སེམས་པ་མཐུན་པའི་རྒྱ་མཚོར།།
情投意合之海
ཚིག་གི་ནོར་བུ་འཕྱུར་བྱུང་། །
涌现情语瑰宝
གསང་ཚིག་ནོར་བུའི་དོ་ཤལ། །
窃语妙物魁首
སྣང་བའི་ཁམས་ལ་བརྒྱུས་ཡོད། །
串子壮志凌云
ང་ཡི་སྙིང་སྡུག ང་ཡི་སྙིང་སྡུག
我的至爱 我的至爱
སྣང་བའི་ཁམས་ལ་བརྒྱུས་ཡོད། །
串子壮志凌云
མོ།
巾帼
མྱི་ཁའི་ཙག་ལ་སྐྱེས་པའི། །
身处炙热流言
ང་རང་ནགས་ཀྱི་གཟི་བྱིའུ། །
吾为林中绿雀
ཁྱེད་རང་ཉི་མ་བཞིན་དུ། །
汝似九霄炎日
ཡིད་ཆེས་ནང་ལ་ཤར་རོགས། །
辉映笃信箱内
སྐྱིད་སྡུག་གཉིས་ཀྱི་ཉི་མ། །
尔是苦乐暖阳
དྲན་པའི་དུས་ལ་འཆར་རོགས། །
央求念时照耀
འཁོར་བའི་ལ་དང་ལ་མོར། །
凡尘陡峭山路
ཉིན་སྲིབ་ཡོད་ཀྱང་མེད་ཀྱང་། །
能否蔽日休憩
བརྩེ་བ་དབྱར་ཟླ་ཙམ་ཞིག། །
情愫夏日皎月
དྲོད་ཀྱིས་བསྐྱངས་ན་དེའི་ཆོག།
暮光滋润即可
ང་ཡི་སྙིང་སྡུག ང་ཡི་སྙིང་སྡུག
我的至爱 我的至爱
དྲོད་ཀྱིས་བསྐྱངས་ན་དེའི་ཆོག།
暮光滋润即可
མཉམ།
鸳鸯
གཤོག་མཐུན་ཡིན་པའི་ལས་ལ། །
命数羽翼相通
ཁྲུང་ཁྲུང་གཉིས་ལ་སྐྱེས་ཆོག།
可幻双鹤翱翔
སེམས་མཐུན་ཡིན་པའི་ལས་ལ། །
运道心心相印
གསེར་ཉ་གཉིས་ལ་སྐྱེས་ཆོག
许作金鳞嬉戏
ཚེ་སྐལ་རིང་ཡང་ཐུང་ཡང་། །
一生或长或短
སྐྱེ་རྒ་ན་འཆིའི་དབང་རེད། །
生老病死左右
གཞོན་པའི་དུས་ལ་མཐུན་པའི། །
年少相恋韶华
ཞེ་འདང་ཁུར་བའི་ལང་ཚོ། །
青春情意绵绵
ཐུགས་ལ་ཕངས་སེམས་མེད་ན། །
胸中若无惋惜
ངང་བ་ཆ་རུ་སྐྱེས་ཆོག།
化鹅双宿双飞
ང་ཡི་སྙིང་སྡུག ང་ཡི་སྙིང་སྡུག
我的至爱 我的至爱
ངང་བ་ཆ་རུ་སྐྱེས་ཆོག།
化鹅双宿双飞
ང་ཡི་སྙིང་སྡུག ང་ཡི་སྙིང་སྡུག
我的至爱 我的至爱
ངང་བ་ཆ་རུ་སྐྱེས་ཆོག།
化鹅双宿双飞
专辑信息
1.至爱