我的故乡

歌词
༡མགྲོན་པོ་ལགས། ཁྱེད་དལ་མོ་བྱོས།
གངས་མཆོད་རྟེན་འདྲ་བའི་གཡས་ཟུར་ན།།
སྡེ་སྐར་ཚོམས་འདྲ་བའི་གཡོན་ཟུར་ན།།
ལུག་གཡང་དཀར་འབའ་སྒྲ་ལྷང་སེ་ལྷང་།།
གནས་དེ་ནི་ང་ཡི་ཕ་ཡུལ་ཡིན།།
འཇའ་སྣ་ལྔའི་གུར་ཁང་འདི་ན་ཤར།།
སྤང་མེ་ཏོག་སྣ་ཚོགས་འདི་ན་བཞད།།
མགྲོན་པོ་ལགས། ཁྱེད་དལ་མོ་བྱོས།
མགྱོགས་རྟ་ཕོའི་བང་ཁ་ཚུར་ལ་ཕྱོགས།།
༢མགྲོན་པོ་ལགས། ཁྱེད་དལ་མོ་བྱོས།
རི་མནྟྲལ་འདྲ་བའི་གཡས་ཟུར་ན།།
ཐང་གོས་འཇམ་འདྲ་བའི་གཡོན་ཟུར་ན།།
འབྲི་མཛོ་མོའི་ངུར་སྒྲ་སྡུར་སེ་སྡུར།
གནས་དེ་ནི་ང་ཕ་ཡུལ་ཡིན།།
སྦྲ་དཀར་ནག་གུར་ཚོམས་འདི་ན་འཛོམས།།
ཕྱུག་གཡང་གི་འཕེལ་ཁ་འདི་ན་དར།།
མགྲོན་པོ་ལགས། ཁྱེད་དལ་མོ་བྱོས།
མགྱོགས་རྟ་ཕོའི་བང་ཁ་ཚུར་ལ་ཕྱོགས།།
༢མགྲོན་པོ་ལགས། ཁྱེད་དལ་མོ་བྱོས།
རྩིག་བྲག་རི་འདྲ་བའི་གཡས་ཟུར་ན།།
ཐབ་ནོར་བུ་འདྲ་བའི་གཡོན་ཟུར་ན།།
ནང་སྤུན་ཟླའི་གླུ་སྐད་སིང་སེ་སིང་།།
གནས་དེ་ནི་ང་ཕ་ཡུལ་ཡིན།།
ཞོ་འོ་མའི་རྒྱ་མཚོ་འདི་ན་འཁྱིལ།།
ཟས་སྣ་ཚོགས་སྡེར་ཁ་འདི་ན་འཛོམས།།
མགྲོན་པོ་ལགས། ཁྱེད་དལ་མོ་བྱོས།
མགྱོགས་རྟ་ཕོའི་བང་ཁ་ཚུར་ལ་ཕྱོགས།།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
歌词大意:
(1)贵客啊,请慢慢留。 这玉塔一样的雪山右侧,如星团簇拥的牧场左侧,白云般的羊群洒满草地,这就是我美丽的家乡。 七色彩虹装饰天空,醉人的鲜花在这里绽放。贵客啊,请慢慢留,快马加鞭朝这方来 。
(2)贵客啊,请慢慢留。这珍宝堆积一样的山右侧,如绫罗铺就的草滩左上角,珍珠般的牦牛洒满地, 这就是我的美丽的家乡。黑白帐篷炊烟袅袅,富饶牧场宛若幻境,贵 客啊,请慢慢留 快马加鞭朝这边来。
(3)贵客啊,请慢慢留。 牛毛帐篷里奶香四溢,牧羊姑娘笑脸相迎, 赛马兄弟热情好客。 那就是我的故乡。 牧人美酒令人醉,草地佳肴赛天堂。 贵客啊,请慢慢留,快马加鞭朝这方来。
专辑信息
1.吉祥洁净藏地
2.我的故乡
3.布谷鸟赞歌
4.梦回草原
5.高原故里
6.姑娘次仁措姆
7.慈祥的父母
8.生命的救星
9.嘎域富贵之宝
10.绿度母颂