歌词
ཚིག་གདངས། བསྟན་ཆོས་ཨ་ཏིས།
གཞས་གཏོང་མཁན། བསྟན་ཆོས་ཨ་ཏིས།
ལོ་ཤས་ཀྱི་བརྩེ་དུང་ད་ཆ་མཐོང་དུས་ཚང་མ་རུལ་ཤག
བུ་མོ་ཁྱེད་ཀྱིས་གཞན་གྱི་མགུལ་ལ་འཐམ་བཞིན་དགའ་མདོག་བྱེད་ཀྱིས།
ལོ་ཤས་ཀྱི་ང་གཉིས་མཉམ་དུ་བསྡད་པའི་འཚོ་བ་དེ་ཚོ།
བུ་མོ་ཁྱེད་ཀྱི་གཡོ་སྒྱུའི་སྙིང་གཏམ་གྱིས་བུ་ང་མགོ་བསྐོར་ཐེབས་ཤག
ནམ་ཞིག་ཁྱེད་ལ་བཤད་པའི་སྐད་ཆ་ང་ཁྱེད་ལ་དགའ།
ད་ཆ་བྱེད་དུས་བུ་ངས་ནོར་འཁྲུལ་ཆེན་པོ་ལྷག་ཤག
Rap: ཁུ་སིམ་གྱི་མཚན་མོ་ཞིག་ལ།
བུ་མོ་ཞིག་གིས་ཁ་པར་སླེབས་བྱུང་།
དང་པོ་ང་ལ་སྐད་ཆ་བཤད་དུས།
ངོ་ཚ་འཚེར་སྣང་དགའ་མདོག་བྱེད་ཀྱིས།
དེ་ནས་མུ་མཐུད་ཉིན་ཤས་སོང་རྗེས།
བུ་མོ་ཁྱེད་ཀྱི་ཕྱི་ཡི་རྣམ་པ་ཨོའོ།
སྙིང་གཏམ་སྐད་ཆ་བཤད་སྟངས་དེ་ཚོས་ཡ་ང་བའི་བུ་ང་།
རྒྱ་མཚོའི་ནང་ལ་རྡོ་ཆུང་ཞིག་ལྟར་ལྷུང་ནས་བསྡད་ཤག
རེད། ཁྱེད་ལ་བཅངས་པའི་བརྩེ་དུང་།
མི་ཚེ་གཅིག་གི་དམ་བཅའ་བཞག་ཡོད།
འོན་ཀྱང་ཉིན་ཤས་སོང་རྗེས་བུ་མོ་ཁྱེད།
བུ་མོ་ཁྱེད་ཀྱི་སྐྱུག་བྲོའི་བྱེད་སྟངས་དེ་ཚོ་མཐོང་དུས།
ང་ཁྱེད་ལ་ཞེན་པ་ལོག་སོང་།
ལོ་ཤས་ཀྱི་བརྩེ་དུང་ད་ཆ་མཐོང་དུས་ཚང་མ་རུལ་ཤག
བུ་མོ་ཁྱེད་ཀྱིས་གཞན་གྱི་མགུལ་ལ་འཐམ་བཞིན་དགའ་མདོག་བྱེད་ཀྱིས།
ལོ་ཤས་ཀྱི་ང་གཉིས་མཉམ་དུ་བསྡད་པའི་འཚོ་བ་དེ་ཚོ།
བུ་མོ་ཁྱེད་ཀྱི་གཡོ་སྒྱུའི་སྙིང་གཏམ་གྱིས་བུ་ང་མགོ་བསྐོར་ཐེབས་ཤག
ནམ་ཞིག་ཁྱེད་ལ་བཤད་པའི་སྐད་ཆ་ང་ཁྱེད་ལ་དགའ།
ད་ཆ་བྱེད་དུས་བུ་ངས་ནོར་འཁྲུལ་ཆེན་པོ་ལྷག་ཤག
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
ཨུ་་་་་་་་་་་་་་ཨ་་་་་་་་་་་་
ལོ་ཤས་ཀྱི་བརྩེ་དུང་ད་ཆ་མཐོང་དུས་ཚང་མ་རུལ་ཤག
专辑信息
1.完了
2.乡恋
3.南迦巴瓦
4.地球
5.天边拉萨
6.山里的湖
7.回到故乡
8.女人
9.蔚蓝色的天
10.Come On Buddy