歌词
དལ་བརྒྱད་འབྱོར་བཅུ་ལ་རྡོག་བརྫིས་ཤོར་བའི་འཇིག་རྟེན།
གདོན་གྱི་སྐལ་དུ་བཞག་པའི་གཏོར་མའི་ཕུང་བོར་གྱུར།
འགལ་འདུ་དང་དོ་མི་མཉམ་པའི་གཅོང་རོང་གི་ཟབ་སར།
ནམ་མཁར་མི་ཤོང་བའི་ཉེས་དམིགས་སྣ་ཚོགས་ཀྱིས་ཆོ་ངེ་འདོན།
ཨོ་་་་་་་ ་་་་་་་་་ ལས་དཀར་ནག
སུ་ཞིག་གི་རྣམ་རྟོག་བཞིན།
ཨོ་་་་་་་ ་་་་་་་་་ དོན་བདེན་རྫུན།
སུ་ཞིག་གིས་རྩེད་ཆས་བཞིན།
རང་དབང་ལ་ཕྱོགས་ཀྱང་རང་དབང་གིས་རྨས་པའི་སེམས་ཅན་གླེན་པ་ཚོས།
ས་ཆེན་གཏོར་འདྲའི་འཕག་འཚག་སྔར་བཞིན་རྒྱག
བདེ་བདེ་དང་སྐྱིད་སྐྱིད་འདྲ་བའི་འུ་ཚོའི་གནས་མལ།
ལག་དམར་གྱིས་གང་བའི་ས་ཆེན་གྱི་སྙིང་ག་ན།
ཡལ་ལ་ཉེ་བའི་དྲོད་ཐིག་ཐ་མ་དེའི་འོད་དཀར་ཟླུམ་པོ།
ཡང་ན་འཇའ་བཞིན་ཡལ་སྲིད་ལ་ཡང་ན་མེ་རི་བཞིན་འཕྱུར་ཡང་སྲིད།
ཨོ་་་་་་་ ་་་་་་་་་ ལས་དཀར་ནག
སུ་ཞིག་གི་རྣམ་རྟོག་བཞིན།
ཨོ་་་་་་་ ་་་་་་་་་ དོན་བདེན་རྫུན།
སུ་ཞིག་གིས་རྩེད་ཆས་བཞིན།
རང་དབང་ལ་ཕྱོགས་ཀྱང་རང་དབང་གིས་རྨས་པའི་སེམས་ཅན་གླེན་པ་ཚོས།
ས་ཆེན་གཏོར་འདྲའི་འཕག་འཚག་སྔར་བཞིན་རྒྱག
ཨོ་་་་་་་ ་་་་་་་་་ ལས་དཀར་ནག
སུ་ཞིག་གི་རྣམ་རྟོག་བཞིན།
ཨོ་་་་་་་ ་་་་་་་་་ དོན་བདེན་རྫུན།
སུ་ཞིག་གིས་རྩེད་ཆས་བཞིན།
རང་དབང་ལ་ཕྱོགས་ཀྱང་རང་དབང་གིས་རྨས་པའི་སེམས་ཅན་གླེན་པ་ཚོས།
ས་ཆེན་གཏོར་འདྲའི་འཕག་འཚག་སྔར་བཞིན་རྒྱག
专辑信息
1.活死人